English

རྫོང་ཁའི་ཡི་གུ

ཇོ་མོ་ལྷ་རི།

ཀྲིས་ཀྲོ་ཕར་ཕིཎ་ (Christopher Fynn) གིས་གསར་བཟོ་འབད་ཡོད་པའི་ ཇོ་མོ་ལྷ་རི་ ཟེར་ འབྲུག་པའི་དབུ་ཅན་གྱི་བཟོ་རྣམ་དང་ཆ་མཚུངས་པའི་ཡི་གུ་འདི་ རྫོང་ཁའི་གློག་རིག་ཡོངས་འབྲེལ་གྱི་གདོང་ཤོག་ ནང་ལུ་ལེགས་ཤོམ་སྦེ་གནས་བསྡུས་སྤོ་སྟེ་བཙུགས་དགོ

དེ་བཙུགས་ཞིནམ་ལས་ གལ་སྲིད་ཡི་གེ་སྦྱེལ་ཏེ་འཐོན་ནི་དང་བརྩེགས་ཏེ་འཐོན་ནི་ལ་སོགས་པ་བྱུང་པ་ཅིན་ གློག་རིག་དེ་ནང་ལུ་རྫོང་ཁའི་ ཡུ་ནི་ཀོཌ་ (unicode) ལག་ལེན་འཐབ་ཚུགསཔ་བཟོ་ནི་གི་རྒྱབ་སྐྱོར་གྱི་མཉེན་ཆས་ (Software) འདི་བཙུགས་དགོ

རྫོང་ཁའི་ཡི་གུ་གཞན།

རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ གོང་འཕེལ་གཏང་སྟེ་ཡོད་པའི་གློག་རིག་གི་རྫོག་ཁའི་ཡི་གུ་གཞན་ཚུ་ བརྡ་དོན་དངའཕྲུལ་རིག་ལས་ཁུངས་ (DIT) ཀྱི་ཡོངས་འབྲེལ་ལས་གནས་བསྡུས་སྤོ་ཚུགསཔ་ཨིན།

གློག་རིག་ནང་སྒྲིག་བཏུབ་པའི་བོད་ཡིག་གི་ ཡུ་ནི་ཀོཌ་ (unicode) འདི་ཡང ཡི་གུ་བྲི་ལུགས་ཆ་མཚུངསམ་ལས་བརྟེན་ཏེ་ རྫོང་ཁའི་ཡི་གུ་མཛུབ་གནོན་བརྐྱབ་པའི་སྐབས་ལུ་བེད་སྤྱོད་གཏང་བཏུབ་ཨིན།

 

མཛུབ་གནོན་གྱི་ཡི་གུ་དྭངས་འཕྲོས་ཕྲོས་འཐོན་ནི་དང་འཇམ་ཏོག་ཏོ་བཟོ་ཐབས།

དམིགས་བསལ་གྱིས་ཡི་གུ་སྦྱེལ་ཏེ་འཐོན་མི་དང་ གཅིག་ཁར་བརྩེགས་ཏེ་འཐོན་མི་ཚུ་དྭངས་འཕྲོས་ཕྲོས་འབད་ གསལ་སྟོན་འབད་ཚུགས་པའི་ཐབས་ཤེས་འདི་གིས་སེལ་ཚུགསཔ་ཨིན། དེ་ཡང་རྒྱུས་སྤུས་ལེགས་ཤོམ་ཡོདཔ་ད་ སྟབས་བདེ་བའི་གློག་རིག་འཕྲུལ་ཆ་དང་ LCD མཐོང་བྱང་ (monitors) (CRT) མཐོང་བྱང་ཚུ་ནང་ལུ་དྭངས་འཕྲོས་ཕྲོས་འབད་མཐོང་རུང་ དུམ་གྲ་ཅིག་རབ་རིབ་སྦེ་ཡོདཔ་ཨིན།༎

ཝིན་ཌོས་ (Windows) XP ཚུ་ནང་ལུ་མཛུབ་གནོན་གྱི་ཡི་གུ་དྭངས་འཕྲོས་ཕྲོས་འབད་སྣང་ཐབས།

ཡི་གུ་དེ་ཚུ་དྭངས་འཕྲོས་ཕྲོས་འབད་ སྣང་ཐབས་ལུ་

  • Control Panel > Display.
    (དེ་བཏོན་ཐངས་ཡང་ དང་པ་ Start > Control Panel > Appearance and Themes > Display.)
  • Appearance and Themes > Effects.
  • Effects >“Use the following method smooth edges of screen fonts” >Clear Type.
  • OK ལུ་ཨེབ་གཏང་འབད་དགོ