བརྡ་དོན་དང་འཕྲུལ་རིག་ལས་ཚན།
ཐོ་གཞུང་བཀོད་ནི།
བརྡ་དོན་འཕྲུལ་རིག་ལས་ཚན་གྱི་འགན་ཁུར་འདི་ རྒྱལ་ཡོངས་དཔེ་མཛོད་ནང་ཡོད་པའི་ཕྱག་དཔེ་ ཆ་མཉམ་ཨང་གནས་ཅན་བཟོ་ནི་དང་ ཐོ་གཞུང་ནང་ཁ་གསལ་འབད་བཀོད་ནི་དི་ཨིནམ་ལས་ ཐོ་གཞུང་བཀོད་ནིའི་བྱ་རིམ་འདི་གནམ་ལོ་ ༡༩༩༦ ལས་གཞི་བཙུགས་འབད་དེ་ཡོད༎
རྒྱལ་ཡོངས་གསུང་རབ་ཀྱི་བརྟག་ཞིབ།
འབྲུག་རྒྱལ་ཁབ་ནང་ལུ་དཀོན་དྲག་པའི་རིག་གཞུང་བཟང་པོ་ཚུ་ འཚོལ་འཐོབ་ནི་དང་ མི་ཉམས་རྒྱུན་སྐྱོང་འཐབ་ནིའི་དོན་ལུ་ ཞིབ་འཚོལ་ལས་ཚན་ དང་བརྡ་དོན་དང་འཕྲུལ་རིག་ལས་ཚན་མཉམ་རུབ་འབད་དེ་ ཌེ་ནི་ཌ་ ལས་འགུལ་གྱི་མ་དངུལ་ཐོག་ལས་ དཀོན་དྲག་ཅན་གྱི་གསུང་རྟེན་ཞིབ་འཚོལ་དང་བརྟག་ཞིབ་གྱི་ལཱ་ཚུ་འབད་བའི་བསྒང་ཡོདཔ་ད་ གསུང་རྟེན་བརྟག་ཞིབ་ནང་ དཀོན་དྲག་པའི་དཔར་མ་དང་ བྲིས་མའི་ཕྱག་དཔེ་ཚུ་ ཐོ་གཞུང་ནང་བཀོད་ནི། ས་གནས་ཀྱི་ཁ་བྱང་ལྟར་ཨང་གནས་ཅན་བཟོ་ནི། དེ་ལས་ཕྱག་དཔེ་དེ་ཚུ་ ཆུང་བཟོ་འཕྲུལ་ཆ་ (Microfilm) བཏབ་ནིའི་དོན་ལུ་འབག་འོང་ནི་ཚུ་ག་ར་ མ་འོངས་རྒྱབ་རྟེན་ཕྱག་དཔེའི་དོན་ལུ་ བཞག་ནི་ཨིན༎
མང་སུ་་་
ཨང་གནས་ཅན་བཟོ་ནི།
བརྡ་དོན་འཕྲུལ་རིག་ལས་ཚན་གྱི་འགན་ཁུར་གཞན་ཡང་ རྒྱལ་ཡོངས་དཔེ་མཛོད་དང་ཡིག་རྙིང་གསོག་འཇོག་ཁང་གི་ གལ་གནད་ཅན་གྱི་ལཱ་ཚུ་ཨང་གནས་ཅན་འབད་བཟོ་ནི། དཔར་ལོག་བརྐྱབ་ནི། འདྲ་དཔར་ཚུ་བཏབ་སྟེ་ཡོདཔ་མ་ཚད་ མ་འོངས་པ་ལུ་གལ་གནད་ཅན་གྱི་ལཱ་གི་གནད་བསྡུས་ཚུ་ གློག་རིག་ནང་སྒྱུར་ཨང་བཀོད་དེ་ དེ་ནང་ལས་འཚོལ་འཐོབ་ཚུགས་ནིའི་ སྒྲིག་བཀོད་ཀྱི་ལཱ་འབད་བའི་བསྒང་ཡོདཔ་ཨིན།།
གནམ་ལོ་ ༡༩༩༩ ལོར་འབྲུག་རྒྱལ་ཡོངས་དཔེ་མཛོད་ལུ་ ཆོས་སྐད་ནང་བྲིས་ཏེ་ཡོད་པའི་ཕྱག་དཔེ་ པར་ལོག་བརྐྱབ་ཡོད་པའི་ པོ་ཏི་ སྟོང་ཕྲག་བཞི་ལས་ལྷགཔ་འབད་ (TBRC) གིས་ཞལ་འདེབས་སུ་ཕུལ་ཡོདཔ་མ་ཚད་ སྤར་འཕྲུལ་གཅིག་ཡང་དགོན་སྡེ་དང་ བཤད་གྲྭ། སྒྲུབ་གྲྭདང་ མཁས་མཆོག་ཚུ་ལུ་ ཕྱག་དཔེ་ཚུ་དཀའ་ངལ་མེད་དཔར་འཐོབ་ཚུགས་ནིའི་དོན་ལུ་གནང་ཡོད༎
ལས་དོན་གཞན།
ཡོངས་འབྲེལ།
ཡོངས་འབྲེལ་འདི་གོང་འཕེལ་གཏང་ནི་དང་ བདག་འཛིན་འཐབ་ནི་འདི་ བརྡ་དོན་དང་འཕྲུལ་རིག་ལས་ཚན་གྱིས་འབདཝ་ཨིན། རྫོང་ཁའི་དོན་ལུ་ ཡི་གུའི་ཨང་རྟགས་ལྡན་པའི་ཡུ་ནི་ཀོཌ་ ལག་ལེན་འཐབ་སྟེ་ཡོད་པའི་ ཡོངས་འབྲེལ་འདི་འབྲུག་རྒྱལ་ཁབ་ནང་འགོ་དང་པ་ཨིནམ་མ་ཚད་ ཡོངས་འབྲེལ་འདིའི་ཤོག་གྲངས་མང་ཤོས་རང་ རྫོང་ཁ་དང་དབྱིན་སྐད་ཟུང་འབྲེལ་འབད་གཟིགས་ཚུགསཔ་ཨིན༎
གློག་འབྲེལ་ལྷོད་ལམ།
བརྡ་དོན་དང་འཕྲུལ་རིག་ལས་ཚན་གྱིས་ རྒྱལ་ཡོངས་དཔེ་མཛོད་དང་ཡིག་རྙིང་གཉེར་འཇོག་ཁང་ནང་ མཁོ་བསྒྲུབས་འབད་དེ་ཡོད་པའི་ཌི་ཇི་ཊལ་གྱི་པར་རིགས་ཚུ་ གློག་འབྲེལ་ གྱི་ཐོག་ལས་འཐོབ་ཚུགས་ནིའི་བྱ་རིམ་རྩམ་པའི་བསྒང་ཡོདཔ་མ་ཚད་ དེ་གིས་མ་ཚད་པར་གཞན་ཚུ་ཤུལ་ལས་ འབྲུག་རྒྱལ་ཡོངས་ཌི་ཇི་ཊལ་དཔེ་མཛོད་ཀྱི་ལས་འགུལ་ལས་ འཐོབ་ཚུགསཔ་བཟོ་ནི་ཨིན༎
བརྡ་དོན་འཕྲུལ་རིག་གི་རྒྱབ་སྐྱོར་དང་གོང་འཕེལ།
རྒྱལ་ཡོངས་དཔེ་མཛོད་ཀྱིས་ བརྡ་དོན་འཕྲུལ་རིག་གི་རྒྱབ་སྐྱོར་དང་ དཔེ་མཛོད་ཀྱི་ལས་ཚན་ཁག་ཚུ་ནང་ལུ་ འབྲེལ་ཡོད་ཀྱི་སྦྱོང་བརྡར་ཚུ་བྱིནམ་ཨིན། དེ་གིས་མ་ཚད་པར་བརྡ་དོན་དང་འཕྲུལ་རིག་ལས་ཚན་གྱིས་ མཁོ་གལ་ཆེ་བའི་སྦྱོང་བརྡར་གྱི་ཅ་དངོས་ཚུ་གོང་འཕེལ་གཏང་སྟེ་ ཡོངས་འབྲེལ་འདི་ལག་ལེན་འཐབ་མི་ཡོངས་ཀྱི་ཕན་ཐབས་ལུ་དམིགས་ཏེ་ འཐོབ་ཚུགསཔ་བཟོ་ནི་ཨིན༎
རྫོང་ཁའི་ཡི་གུ
ཝེབ་ (web) བརྡ་འཚོལ་གྱི་ནང་ལུ་ རྫོང་ཁའི་ཡི་གུ་ལེགས་ཤོམ་འབད་གསལ་སྟོན་འབད་ཐབས་ལུ་ ཡི་གུ་ འདི་ཁག་ཆེཝ་ལས་བརྟེན་ ཡོངས་འབྲེལ་འདི་ནང་ལས་རྫོང་ཁའི་ཡི་གུ་དང་ དེ་དང་མཉམ་གཅིག་གློག་རིག་ནང་ལུ་རྫོང་ཁའི་ཝེབ་ (web) ཤོག་གྲངས་ཚུ་ གསལ་སྟོན་འབད་ཐབས་ཀྱི་བྱ་རིམ་ཚུ་ཡང་རིན་མེད་སྟོང་པར་འབད་འཐོབ་ཚུགསཔ་ཨིན༎