ཝིན་ཌོ་ (Windows)
XP ཚུ་ནང་ལུ་རྫོང་ཁ་རྒྱབ་སྐྱོར་འབད་ཐབས།
ཡན་ལག་གཉིས་པ་ ཡུ་ནི་ཨིས་ཀྲཨིབ་ (Uniscribe) དུས་མཐུན་བཟོ་ཐབས།
ཡུ་ནི་ཨིས་ཀྲཨིབ་ (Uniscribe) ཟེར་མི་འདི་ག་ཅི་སྨོ?
ཡུ་ནི་ཨིས་ཀྲཨིབ་ (Uniscribe) ཟེར་མི་འདི་ རྫོང་ཁའི་སྣ་འདུས་ཀྱི་ཡི་གུ་ཚུ་སྒྲིག་བཏུབ་བཟོ་ནིའི་དོན་ལས་ ཡུ་ནི་ཀོཌ་ (Unicode) ལུ་འགྱུར་མེད་ཀྱི་ཞབས་ཏོག་བྱིན་པའི་མཻ་ཀྲོ་སོཕཊ་ Microsoft ཝིན་ཌོས་ (Windows) ཅིག་ཨིན། འདི་ སྣ་མང་གི་ཡི་གུ་ཚུ་དང་ སྔོན་རྗེས་ཀྱི་མིང་ཚིག་ཚུ་ལེག་ཤོམ་སྦེ་སྒྲིག་བཏུབ་པའི་ Uniscribe
USP10.DLL འདི་ ཝིན་ཌོ་ (Windows
2000) ནང་ལུ་དགོ་ཐོག་དང་པ་མི་མང་ལུ་ ཐོབ་ཚུགསཔ་བཟོ་ཡོདཔ་ཨིན།།
ཝིན་
ཌོས་
(Windows)
XP དང་
Internet
Explorer ནང་
ལུ་
མཉམ་
དུ་
ཐོབ་
པའི་
ཧེ་
མའི་
འཐོན་
རིམ་
ཡུ་
ནི་
ཨིས་
ཀྲཨིབ་
(Uniscribe)
5.o འདི་
གིས་
རྫོང་
ཁའི་
ཡི་
གུ་
རྒྱབ་
སྐྱོར་
འབད་
མ་
བཏུབ་
ཨིནམ་
ད་
གནམ་
ལོ་ ༢༠༠༡ ལུ་
རྫོང་
ཁ་
གོང་
འཕེལ་
ལྷན་
ཚོགས་
ཀྱིས་
རྫོང་
ཁའི་
གློག་
རིག་
ལས་
འགུལ་
གྱི་
གྲོགས་
རམ་
ཐོག་
ལས་
མཻ་
ཀྲོ་
སོཕཊ་
Microsoft ནང་
ལུ་
རྫོང་
ཁ་
དང་
བོད་
ཀྱི་
ཡི་
གུ་
ཚུ་
གློག་
རིག་
ནང་
ལག་
ལེན་
འཐབ་
བཏུབ་
བཟོ་
ནིའི་
དོན་
ལུ་
རྒྱབ་
སྐྱོར་
གྱི་
ཁ་
སྐོང་
བཀལ་
ནི་
འགོ་
བཙུགས་
ནུག རྫོང་
ཁ་
དང་
བོད་
ཀྱི་
སྣ་
འདུས་
ཀྱི་
ཡི་
གུ་
ཚུ་
རྒྱབ་
སྐྱོར་
འབད་
ནུས་
པའི་
ཡུ་
ནི་
ཨིས་
ཀྲཨིབ་
(Uniscribe) གྱི་
འཐོན་
རིམ་
འདི་
མཻ་
ཀྲོ་
སོཕཊ་
ཨོ་
ཕིས་
MS
Office 2003 SP2 ནང་
ཚུད་
མི་
འདི་
ཨིན།།
རྫོང་ཁ་རྒྱབ་སྐྱོར་འབད་བའི་ ཡུ་ནི་ཨིས་ཀྲཨིབ་ (Uniscribe) གི་འཐོན་རིམ་འདི་འཐོབ་ཐངས།
ཝིན་ཌོ་ (Windows)
XP དང་ ཝིན་ཌོ་ (Windows)
2000 དང་མཉམ་འོང་མི་ ཡུ་ནི་ཨིས་ཀྲཨིབ་ (Uniscribe
USP10.DLL) གི་འཐོན་རིམ་འདི་གིས་རྫོང་ཁ་རྒྱབ་སྐྱོར་འབད་མ་ཚུགསཔ་ལས་བརྟེན་ དེའི་འཐོན་རིམ་འདི་གིས་རྒྱབ་སྐྱོར་འབད་ཐབས་ལུ་ དུས་མཐུན་བཟོ་དགོཔ་འདི་ག་ནི་བ་གལ་ཆེ།
Word 2003 དང་ Excel
2003 དེ་ལས་འཇུག་ཐངས་གཞན་ཡང་ཡོད་པའི་མཻ་ཀྲོ་སོཕཊ་ཨོ་ཕིས་ Microsoft
Office 2003 SP2 འདི་ནང་ལུ་ རྫོང་ཁའི་ཡི་གུ་འབྲི་བཏུབ་པའི་རྒྱབ་སྐྱོར་གྱི་འཕྲུལ་ཆ་ ཡུ་ནི་ཨིས་ཀྲཨིབ་ (Uniscribe
/ USP10.DLL) གི་འཐོན་རིམ་འདི་དང་སྦྲགས་འོངམ་ཨིན། གལ་སྲིད་ Office
2003 SP2 ཡང་ན་ Office
2007 དེ་ནང་ལུ་ དགོ་པའི་རྒྱབ་སྐྱོར་གྱི་འཕྲུལ་ཆ་ཡོདཔ་འདྲཝ་ཅིག་འབད་བ་ཅིན་ ཁྱོད་རའི་གློག་རིག་འདི་ལས་འཇུག་ཐངས་གཞན་ཡང་ ཐོབ་ཚུགས་བཟོ་ཐབས་ལུ་སྡེ་ཚན་གཞན་མི་ནང་འགྱོ་རུང་བཏུབ་ཨིན།།
- དུས་མཐུན་བཟོ་ཡོད་པའི་ ཡུ་ནི་ཨིས་ཀྲཨིབ་ (Uniscribe) གི་འཐོན་རིམ་འདི་འཐོབ་ནིའི་དོན་ལུ་གཤམ་ལུ་བཀོད་དེ་ཡོད་པའི་ གང་རུང་ཅིག་ལས་དང་པ་བཙུག་དགོ
- རིན་མེད་སྟོང་དཔར་ཐོབ་པའི་ མཻ་ཀྲོ་སོཕཊ་ Microsoft
Word Viewer འདི་གནས་བསྡུས་ཚུ་སྤོ་སྟེ་བཙུག་དགོ
- ནང་ཡོད་པའི་རྒྱབ་སྐྱོར་གྱི་འཐོན་རིམ་འདི་ དེང་སང་མཻ་ཀྲོ་སོཕཊ་ཨོ་ཕིས་མཻ་ཀྲོ་སོཕཊ་ Microsoft
Office Update གི་ཞབས་ཏོག་གི་ཚན་ཅིག་ཁར་འོང་མི་འདི་ལུ་ཡར་དྲག་གཏང་དགོ
- ཡང་ན་མཻ་ཀྲོ་སོཕཊ་ཨོ་ཕིས་ Microsoft
Office 2007 འདི་བཙུག་དགོ
མཻ་ཀྲོ་སོཕཊ་ཝིན་ཌོས་ ཝིས་ཊ་ (Microsoft
Windows Vista) ཟེར་མིའི་གློག་རིག་འཕྲུལ་ཆས་ཚུ་ནང་ལུ་ རྫོང་ཁའི་ཡི་གུ་རྒྱབ་སྐྱོར་འབད་བའི་ USP10.DLL འཐོན་རིམ་གསརཔ་མཉམ་གཅིག་བཙུགས་ཏེ་འོངམ་ཨིན།
མཁོ་ཕན་ཅན་གྱི་ USP10.DLL འདི་གློག་རིག་ནང་ལུ་བཙུག་ཐབས།
Microsoft Office 2003 / 2007 དང་ Microsoft
Word Viewer དང་མཉམ་ཅིག་འོང་མི་ USP10.DLL འདི་སྒེར་གྱི་སྣོད་དེབ་ལས་བཙུག་ཡོདཔ་ད་ འཇུག་ཐངས་གཞན་མི་ཚུ་དང་ ཡོངས་འབྲེལ་བརྡ་འཚོལ་གྱི་ནང་ལུ་རྫོང་ཁའི་རྒྱབ་སྐྱོར་འདི་ འཇུག་མི་བཏུབ་ཨིན་རུང་ དེ་འཇུག་བཏུབ་བཟོ་ནིའི་དོན་ལུ་ ཁྱོད་རའི་གློག་རིག་ ཝིན་ཌོས་ (Windows\System32\) ནང་ཡོད་པའི་ USP10.DLL འདི་འཐོན་རིམ་འདི་ལུ་བརྗེ་སོར་འབད་དགོ
ཝིན་ཌོ་ (Windows)
XP གི་ཉེན་སྲུང་གི་རྣམ་པ་འདི་གིས་ཕྲང་ཕྲང་རང་ USP10.DLL འདི་ལས་ ཝིན་ཌོས་ (Windows\System32\) གི་ཡིག་སྣོད་ནང་ལུ་འདྲ་བཤུས་རྐྱབ་མི་བཏུབ་ཨིན་རུང་ དེ་ཡར་དྲག་གཏང་ནིའི་དོན་ལུ་ཐབས་ལམ་འཇམ་ཤོས་གཅིགཔོ་འདི་ རིན་མེད་སྟོང་པར་ཐོབ་པའི་ Install
USP10 only utility འདི་ གནས་བསྡུད་སྤོ་ སྟེ་རྒྱ་བསྐྱེད་གཏང་ནི་འདི་ཨིན། དེ་བཟུམ་མའི་ utility དུས་མཐུན་བཟོ་མི་འདི་གིས་གློག་རིག་ནང་ཡོད་པའི་ ཡུ་ནི་ཨིས་ཀྲཨིབ་ (Uniscribe) འདི་འཐོན་རིམ་གསརཔ་ལུ་སྒྱུར་བཅོས་འབད་དེ་ རྫོང་ཁའི་ཡི་གུ་འདི་ འཇུག་ཐངས་གཞན་མི་ཚུ་ལུ་ཡང་འཇུག་བཏུབ་འབད་བཟོ་ཚུགསཔ་ཨིན།།
བརྡ་འཚོལ་ག་ཅི་ལས་གནས་བསྡུད་སྤོཝ་ཨིན་ན་ དེ་དང་བསྟུན་ཏེ་ཁྱོད་རའི་གློག་རིག་གི་གསལ་གཞི་ནང་ལུ་ གཤམ་ལུ་བཀོད་དེ་ཡོད་མི་བཟུམ་ཅིག་གསལ་སྟོན་འབད་འོང་།

པར་རིས་ དང་པ་
གློག་རིག་ནང་བཙུག་ཡོད་པའི་ USP10.DLL འདི་རྒྱ་བསྐྱེད་གཏང་ཐབས།
པར་རིས་ གཉིས་པ་ : The uncompressed file
USP10.DLL འདི་ཁྱོད་ཀྱི་གློག་རིག་ནང་ལུ་བཙུག་ནིའི་དོན་ལུ་ “InstallUSP10Only.exe” ཟེར་མིའི་ནང་ལུ་ཨེབ་གཏང་འབད་དགོ
པར་རིས་
གསུམ་པ་
འདི་གིས་ MS
Office 2003 ལས་དུས་མཐུན་བཟོ་ཡོད་པའི་ ཡུ་ནི་ཨིས་ཀྲཨིབ་ (Uniscribe) འདི་འཚོལ་འོང་།
Office 2003 དང་ཡང་ན་ Word
Viewer ནང་ཡོད་པའི་འཐོན་རིམ་གསརཔ་ལུ་བསྒྱུར་ཡོད་པའི་ ཡུ་ནི་ཨིས་ཀྲཨིབ་ (Uniscribe) འདི་བཙུག་ཚར་ཞིནམ་ལས་གློག་རིག་ནང་གི་འཇུག་ཐངས་གཞན་མི་འདི་ཚུ་གིས་ ཡུ་ནི་ཨིས་ཀྲཨིབ་ (Uniscribe) འདི་འཚོལ་འོང་། དེ་འབདཝ་ད་ གློག་རིག་གི་འཕྲུལ་ཆ་མང་ཤོས་ཀྱི་ནང་ལུ་ ཡུ་ནི་ཨིས་ཀྲཨིབ་ (Uniscribe) གི་ཡིག་ཆ་འདི་ཡོད་དི་འབད་རུང་ དེ་ལཱ་འབད་མ་བཏུབ་པའི་ས་ཁོངས་ཅིག་ནང་བཙུག་སྟེ་ཡོདཔ་མི་འདི་ utility འདི་གིས་སྔོན་དཔག་འབདཝ་ཨིན། གལ་སྲིད་ ཡུ་ནི་ཨིས་ཀྲཨིབ་ (Uniscribe) གི་ཡིག་ཆའི་ས་གནས་འདི་ ཁྱོད་རང་གིས་འཚོལ་ནིའི་རེ་འདོད་ཡོད་པ་ཅིན་ བརྡ་འཚོལ་ལམ་ (Browse) ལུ་ཨེབ་གཏང་འབད་དགོ།
པར་རིས་ བཞི་པ་ ཡུ་ནི་ཨིས་ཀྲཨིབ་ (Uniscribe) གི་ཡིག་ཆ་འདི་བརྟན་བརྟན་འབད་འཚོལ་ཐབས།
གལ་སྲིད་ཁྱོད་ཀྱིས་ བརྡ་འཚོལ་ལམ་ (Browse) ལུ་ཨེབ་གཏང་འབད་བ་ཅིན་ དེ་འཕྲལ་ལས་ ཡུ་ནི་ཨིས་ཀྲཨིབ་ (Uniscribe) གི་མངོན་གསལ་གྱི་སྒྲོམ་འདི་གསལ་སྟོན་འབདཝ་ཨིན། གལ་སྲིད་ཁྱོད་ཀྱི་གསལ་གཞི་གི་གཡས་ཕྱོགས་ཀྱི་ལྟག་ལུ་ (usp
10.dll)མངོན་གསལ་སྒྲོམ་གཅིག་ཁྱོད་ལུ་ གསལ་སྟོན་འབད་བ་ཅིན་ ཁྱོད་ཀྱིས་ (Uniscribe)འདི་ཐོབ་ཡོདཔ་ལས་ དེ་ལས་མངོན་གསལ་སྒྲོམ་འདེ་ཁ་ཕྱེ་ནིའི་དོན་ལུ་ (Open) ཟེར་མི་ལུ་ཨེབ་གཏང་འབད་རུང་བཏུབ་ཨིན།།
པར་རིས་ ལྔ་པ་ གློག་རིག་འདི་ དུས་མཐུན་བཟོ་ནིའམ་ (Update) འདི་གདམ་ཁ་རྐྱབ་ནི།
འདི་འགུར་ ཨེབ་གཏང་འབད་ཞིནམ་ལས་ དེ་ལས་གློག་རིག་དེ་གིས་ ཡུ་ནི་ཨིས་ཀྲཨིབ་ (Uniscribe) འདི་དུས་མཐུན་བཟོ་ཚར་བའི་སྙན་ཞུ་འབད་འོང་།
དཔར་རིས་ དྲུག་པ་ ཡུ་ནི་ཨིས་ཀྲཨིབ་ (Uniscribe) གི་དུས་མཐུན་བཟོ་ནི་འདི་ མཐར་འཁྱོལ་བྱུང་པའི་གསལ་སྒྲགས་ཐོན་ཞིནམ་ལས་
(OK) འདི་ཨེབ་གཏང་འབད་དགོ
པར་རིས་ བདུན་པ་ ཧེ་མའི་ ཡུ་ནི་ཨིས་ཀྲཨིབ་ (Uniscribe)ལུ་ལོག་སྟེ་འགྱོ་ནིའི་དོན་ལུ་ གདམ་ཁའི་མངོན་གསལ་གྱི་སྒྲོམ་འདི་ཁ་སྡམ་ཐབས།
གལ་སྲིད་ཁྱོད་ཀྱི་ ཝིན་ཌོ་ (Window)
XP ཞབས་ཏོག་གི་ ཚན་གཉིས་པ་འདི་བཙུག་ཡོདཔ་པ་ཅིན་ གློག་རིག་འདིའི་ཡིག་ཆ་ཚུ་ ཁྱོད་ཀྱིས་ཤེས་རྟོགས་མེད་དཔར་སྒྱུར་བཅོས་འབད་ཡོད་ཟེར་མནོ་སྟེ་ གློག་རིག་འདི་གིས་དེའི་ ཝིན་ཌོ་ (Window) ངོ་མ་བཙུག་ནུས་པའི་སི་འཁོར་ CD འདི་དགོ་པའི་ཉེན་བརྡ་བྱིན་འོང་། ཨིན་རུང་ ཁྱོད་ཀྱིས་གསར་བཙུགས་ཡོད་པའི་ ཡུ་ནི་ཨིས་ཀྲཨིབ་ (Uniscribe) འདི་མཻ་ཀྲོ་སོཕཊ་ Microsoft
Product ཁོ་ར་ཨིནམ་ལས་ འདི་མ་འཚོལ་བར་ ཕྲང་སྟེ་རང་ ཡུ་ནི་ཨིས་ཀྲཨིབ་ (Uniscribe) ལུ་ཨེབ་གཏང་འབད་རུང་བཏུབ་ཨིན།།
དེ་འབདཝ་ད་གལ་སྲིད་ཁྱོད་ཀྱིས་ གློག་རིག་གིས་མཁོ་མངགས་འབད་བའི་སི་འཁོར་ CD འདི་བཙུགཔ་འདྲཝ་ཅིག་སྦེ་བ་ཅིན་ ཁྱོད་ཀྱིས་དུས་མཐུན་བཟོ་ཡོད་པའི་ འདི་ལོག་སྟེ་རང་ཧེ་མའི་ ཡུ་ནི་ཨིས་ཀྲཨིབ་ (Uniscribe) ལུ་གྱུར་ཏེ་རྫོང་ཁ་དང་ བོད་ཡིག་ཚུ་ལེགས་ཤོམ་སྦེ་གསལ་སྟོན་མ་འབད་བའི་གཞི་ལུ་གྱུར་ནི་ཨིན།།
པར་རིས་ བརྒྱད་པ་ འདི་གིས་ ཡུ་ནི་ཨིས་ཀྲཨིབ་ (Uniscribe) གསརཔ་ལུ་སྒྱུར་དགོ་པའི་མངོན་གསལ་གྱི་སྒྲོམ་འདི་ གསལ་སྟོན་འབདཝ་ཨིན།
Microsoft ཡུ་ནི་ཨིས་ཀྲཨིབ་ (Uniscribe) འདི་འཐོན་རིམ་གསརཔ་ལུ་སྒྱུར་བཅོས་འབད་ཐབས་ལུ་དང་ ཉེན་བརྡའི་མངོན་གསལ་གྱི་སྒྲོམ་འདི་སྣང་མེད་བཞག་ཐབས་ལུ་ (Yes) འདི་ལུ་ཨེབ་གཏང་འབད་དགོ