English

རྫོང་ཁའི་སྒྲ་སྒྱུར།

ཐོ་གཞུང་ནང་གི་རྫོང་ཁ་དང་ཆོས་སྐད་ཀྱི་མཚན་བྱང་ཚུ་ EWTS ལམ་ལུགས་ཀྱི་ཐོག་ལུ་བཙུགས་ཏེ་ཡོདཔ་ལས་ ལམ་ལུགས་དེ་ལག་ལེན་འཐབ་དགོཔ།

ང་བཅས་ཀྱིས་ མཁོ་བསྒྲུབས་འབད་དེ་ཐོ་གཞུང་ནང་བཀོད་ཡོད་པའི་ རྫོང་ཁ་དང་ཆོས་སྐད་ཀྱི་དཔེ་དེབ་ཆ་མཉམ་ ཡུ་ནི་ཀོཌ་ (Unicode)་ ལྟར་དུ་དང་ སྒྲ་སྒྱུར་ རོ་མ་ནཨེས་ (Romanised) ་ཟུང་འབྲེལ་གྱི་ཐོག་ལུ་ཡོདཔ་ཨིན། སྒྲ་སྒྱུར་གྱི་ལམ་ལུགས་ (Romanised) ལག་ལེན་འཐབ་ཡོད་མི་ (EWTS) འདི་ཨིནམ་ལས་ དེའི་བཅུད་དོན་ཚུ་ འོག་ལུ་བཀོད་དེ་ཡོད་མི་ཚུ་ཨིན།།

(EWTS) སྒྲ་སྒྱུར་གི་ལམ་ལུགས་འདི་ རྫོང་ཁ་དང་ཆོས་སྐད་ཀྱི་དེབ་ཚུ་གི་ངེས་བརྟན་ངོ་ཚབ་འབད་ Roman གི་ཡི་གུའི་ཐོག་ལུ་བེད་སྤྱོད་གཏང་མི་ལུ་ གོ་ནི་ཨིན། དེ་འབདཝ་ད་ (EWTS) འདི་མིང་ཚིག་ཚུའི་བརྗོད་སྒྲའི་ཁྱད་ཚབ་སྦེ་ ཡི་གུ་ལུ་ཕབས་བཏུབ་པའི་ལམ་ལུགས་གཅིག་མེན།

སྒྲ་སྒྱུར་གྱི་ལམ་ལུགསལག་ལེན་འཐབ་ཐོག་ལས་ རྒྱལ་ཡོངས་དཔེ་མཛོད་ཀྱི་ གློག་འབྲེལ་མི་མང་དངོས་ཐོའི་ལྷོད་ལམ་ OPAC གི་གནད་བསྡུས་གཞི་མཛོད་འདི་འཚོལ་ཞིབ་འབད་དགོ་པ་ཅིན་ གཤམ་ལུ་བཀོད་དེ་ཡོད་པའི་རྫོང་ཁའི་ཡི་གུ་དང་མཐུན་པའི་ རོ་མན་ (Roman) རྟགས་ཡིག་འདི་མཛུབ་མནན་རྐྱབས་དགོཔ་ཨིན།།

རྩ་བའི་ཡི་གུ

རྫོང་ཁ་ EWTS རྫོང་ཁ་ EWTS རྫོང་ཁ་ EWTS རྫོང་ཁ་ EWTS
ka kha ga nga
ca cha ja nya
ta tha da na
pa pha ba ma
tsa tsha dza wa
zha za 'a ya
ra la sha sa
ha a        

དབྱངས།

རྫོང་ཁ་དང་ཆོས་སྐོད་ཀྱི་དབྱངས་དང་མ་ལྡན་པའི་ཡི་གུ་ ག་ཅི་རང་སྦེ་རུང་གོང་ལུ་བཀོད་དེ་ཡོད་དོ་བཟུམ་སྦེ་ ‘a’ མཛུབ་མནན་རྐྱབ་ནི་དང་ དབྱངས་དངལྡན་པའི་ཡི་གུ་ཚུ་གཤམ་གསལ་བཀོད་པ་ལྟར་དུ་མཛུབ་མནན་རྐྱབ་དགོ

རྫོང་ཁའི་དབྱངས EWTS རྫོང་ཁའི་དབྱངས EWTS རྫོང་ཁའི་དབྱངས EWTS རྫོང་ཁའི་དབྱངས EWTS
 ི i  ུ u  ེ e  ོ o


དཔེར་ན་ ཀི འདི་འབྲི་དགོ་པ་ཅིན་ (Roman) རྟགས་ཡིག་ ‘ki’ ཟེར་མཛུབ་མནན་རྐྱབ་དགོ དེ་ལས་ ཁུ འདི་འབྲི་དགོ་པ་ཅིན་ (Roman) རྟགས་ཡིག་ ‘khu’ ཟེར་ མཛུབ་མནན་རྐྱབ་དགོཔ་ཨིན།

འདོགས་ཅན་དང་བརྩེགས་པའི་ཡི་གུ

འདོགས་ཅན་བརྩེགས་པ་དང་ལྡན་པའི་ཡི་གུ་ཚུ་ འོག་ལུ་བཀོད་ཡོད་དོ་བཟུམ་སྦེ་ མཛུབ་མནན་རྐྱབ་དགོ

རྫོང་ཁ་ EWTS རྫོང་ཁ་ EWTS རྫོང་ཁ་ EWTS རྫོང་ཁ་ EWTS
ཀྱ kya ཁྱ khya གྱ gya པྱ pya
ཕྱ phya བྱ bya མྱ mya    
ཀྲ kra ཁྲ khra གྲ gra ཏྲ tra
ཐྲ thra དྲ dra པྲ pra བྲ phra
བྲ bra མྲ mra ཤྲ shra སྲ sra
ཧྲ hra            
ཀླ kla གླ gla བླ bla ཟླ zla
རླ rla སླ sla        
རྐ rka རྒ rga རྔ rnga རྗ rja
རྙ rnya རྟ rta རྡ rda རྣ rna
རྦ rba རྨ rma རྩ rtsa རྫ rdza
ལྐ lka ལྒ lga ལྔ lnga ལྕ lca
ལྗ lja ལྟ lta ལྡ lda ལྤ lpa
ལྦ lba ལྷ lha        
སྐ ska སྒ sga སྔ snga སྙ snya
སྟ sta སྡ sda སྣ sna སྤ spa
སྦ sba སྨ sma སྩ stsa    
ཀྭ kwa ཁྭ khwa གྭ gwa ཅྭ cwa
ཉྭ nywa ཏྭ twa དྭ dwa ཙྭ tswa
ཚྭ tshwa ཞྭ zhwa ཟྭ zwa རྭ rwa
ཤྭ shwa སྭ swa ཧྭ hwa    
               

སྔོན་རྗེས་ཡང་གསུམདང་ལྡན་པའི་ཡི་གུ

སྔོན་རྗེས་ཡང་གསུམདང་ལྡན་པའི་ཡི་གུ་ཚུ་འབྲི་བའི་སྐབས་ལུ་ དབྱངས་ ‘a’ མ་འབྲི་བར་མཛུབ་མནན་རྐྱབ་དགོ དཔེར་ན་ བདེ་ ཟེར་འབྲི་དགོ་པ་ཅིན་ (Roman) རྟགས་ཡིག་ ‘bde’ ཟེར་མཛུབ་མནན་རྐྱབ་དགོ དེ་ལས་ སོགས་ཟེར་འབྲི་དགོ་འཐོན་པ་ཅིན་ ‘sogs’ ཟེར་མཛུབ་མནན་རྐྱབས་ནི་དང་ དེ་བཞིན་དུ་ བསྐྱོད་འདི་ ‘bskyod’ ཟེར་མཛུབ་མནན་རྐྱབ་དགོཔ་ཨིན།།

རྒྱས་ཤིང་རྒྱསཔ་འབད་

དེ་ནང་གཟིགས་གནང་།

རིག་གཞུང་གི་སྐད་ཡིག་གཅིག་ཨིན།