འབྲུག་རྒྱལ་ཡོངས་དཔེ་མཛོད་དང་ཡིག་རྙིང་གཉེར་འཇོག་ཁང་།
རྒྱལ་ཡོངས་དཔེ་མཛོད་དང་ཡིག་རྙིང་གཉེར་འཇོག་ཁང་འདི་ འབྲུག་གི་རྒྱལ་ས་ལྟེ་བ་ ཐིམ་ཕུག་བཀྲ་ཤིས་ཆོས་རྫོང་གི་ ཉེ་འདབས་ལུ་གཞི་བཙུགས་འབད་དེ་ ཡོདཔ་ཨིན། དཔེ་མཛོད་འདི་ནང་ལུ་ བཀའ་བསྟན་གྱིས་གཙོས་པའི་ ཆོས་ལུགས་ཁག་གི་གསུང་འབུམ་དང་ དཔལ་ལྡན་འབྲུག་གི་ རྒྱལ་རབས་སྲོལ་ཁྱུན་བཟང་པོའི་འབྱུང་གནས་ རིན་ཆེན་གཏེར་གྱི་མཛོད་དང་འདྲ་བའི་ གལ་གནད་ཅན་གྱི་གསུང་རབ་དང་ ཞིབ་འཚོལ་པ་ཚུ་ལུ་ རྒྱབ་རྟེན་མཐུན་རྐྱེན་གྱི་ཡིག་ཆ་དང་དཔེ་དེབ། དེ་ལས་ ཡིག་རྙིང་ཚུ ་མཁོ་བསྒྲུབས་འབད་དེ་ཡོདཔ་ཨིན། དེ་གིས་མ་ཚད་པར་ དཔལ་ལྡན་འབྲུག་པའི་སྔར་སྲོལ་ ནང་པའི་ཆོས་དང་འབྲེལ་བའི་ལམ་ལུགས་བཟང་པོའི་ རིག་གཞུང་ཚུ་ཡར་རྒྱས་གོང་འཕེལ་གཏང་ནི་གི་ དམིགས་གཏད་བསྐྱེདཔ་ཨིན༎
འབྲུག་རྒྱལ་ཡོངས་དཔེ་མཛོད་འདི་ནང་ལུ་ གཙོ་བོ་རང་སྔོན་དང་ཕུགས་ཀྱི་གསུང་རབ་རྙིངམ་ ཡི་གེ་བྲིས་མ་དང་ པར་མ་ཚུ་བསྡུ་ལེན་འབད་དེ་ ལེགས་ཤོམ་འབད་བདག་འཛིན་འཐབ་ནི་གི་དོན་ལུ་དང་ མ་འོངས་པའི་བུ་བརྒྱུད་ཚུ་དང་ ཞིབ་འཚོལ་པ་ཚུ་ལུ་ཁུངས་གཏུགས་ཀྱི་དཔེ་དེབ་དང་ ཕྱག་དཔེ་ཚུ་དཀའ་ཚེགས་མེད་པར་མཐུན་རྐྱེན་མཁོ་སྤྲོད་ འབད་ནིའི་དམིགས་གཏད་སྐྱེད་དེ་ གནམ་ལོ་ ༡༩༦༧ ལུ་གཞི་བཙུགས་གནང་ནུག དམིགས་བསལ་དུ་ འབྲུག་རྒྱལ་ཡོངས་དཔེ་མཛོད་འདི་ནང་ལུ་ ཐེག་པ་ཆེ་ཆུང་གི་གཏེར་མཛོད་མང་ཤོས་རང་ཡོདཔ་མ་ཚད་ འབྲུག་རྒྱལ་ཁབ་ཀྱི་སྐོར་དང་ ནང་པའི་ཆོས་ཀྱི་སྐོར་ལས་ དབྱིན་སྐད་ནང་བྲིས་ཏེ་ཡོད་པའི་དཔེ་དེབ་ཚུ་ཡང་ བསྡུ་ལེན་འབད་དེ་ཡོདཔ་ཨིན༎
མང་སུ་…
བྱུང་རབས་…