དབྱེ་ཐང་གི་ལམ་སྟོན།
གཤམ་ལུ་ཡོད་མི་འདི་ཚུ་
འབྲུག་རྒྱལ་ཡོངས་དཔེ་མཛོད་ཁང་ནང་ཡོད་པའི་ སྔར་སྲོལ་ལམ་ལུགས་ཀྱི་ པར་མ་དང་
བྲིས་མའི་གསུང་རབ་ཚུ་དབྱེ་ཐང་ལམ་ལུགས་ཀྱི་ ལམ་སྟོན་ཨིན།།
འབྲུག་རྒྱལ་ཡོངས་དཔེ་མཛོད་ཁང་ནང་ཡོད་པའི་ གསུང་རབ། དཔེ་ཆ།
དཔེ་དེབ་ལ་སོགས་པའི་རིགས་
ག་ར་དངོས་པོའི་དཀར་ཆག་གི་ཨང་དང་ ལོག་བཙུགས་བཞག་སའི་ཨང་རྟགས་བཀལ་ཡོདཔ་ད་
དེ་ཚུ་དབྱེ་
ཐང་ཡང་ འོག་ལུ་བཀོད་ཡོད་པའི་དབྱེ་ཁག་གསལ་བྱེད་ ༼ཀ་ ལས་ ན༽
ཚུན་གྱི་དབྱེ་ཡིག་
དང་སྦྲགས་ཏེ་ མངའ་འཁུལ་གྱི་གསུང་རབ་ཚུ་ ༼བཀའ་ རྙིང་ ས་ དགེ་ ཇོ་
བོན༽་གྱི་མིང་ཚིག་དང་
འཁྲིལ་ཏེ་ འཐུ་ནི་དང་བཞག་ནི་ཨིན།།
དཔེ་དེབ་དང་དཔེ་ཆ་ག་ཅི་རང་སྦེ་རུང་
མངའ་འཁུལ་ཆོས་ལུགས་ཀྱི་ཁོངས་སུ་གཏོགསཔ་ཨིན་ན་དང་ ཡང་ན་
མི་གཏོགསཔ་ཨིན་ན་འདི་ དཔེ་ཆའི་དབྱེ་ཡིག་གི་རྟགས་ལུ་བརྟེན་ཏེ་
དབྱེ་བ་ཕྱེ་ཚུགསཔ་ཨིན།
རང་སོའི་ཆོས་ལུགས་དང་འཁྲིལ་བའི་གསུང་འབུམ་གྱི་རིགས་ཚུ་ལུ་
དབྱེ་ཡིག་གི་རྟགས་སོ་སོ་འབད་ཡོདཔམ་ཚད་ དཔེ་ཆ་ལོག་བཙུགས་བཞག་ས་ཡང་
ཆོས་ལུགས་དང་
འཁྲིལ་ཏེ་དཔེ་མཛོད་ཁང་ནང་ ཁང་མིག་ཁག་སོ་སོ་འབད་ཡོདཔ་ཨིན།
གསུང་རབ་མིན་ཡིན་པའི་ ཆོ་ལུགས་སོ་སོའི་མཁས་དབང་ཚུ་གིས་
རྩོམ་བྲིས་ཀྱི་དཔེ་དེབ་དང་
གཅིག་མཚུངས་གཉིས་བྱུང་སྡེ་ཚན་གྱི་དཔེ་དེབ་ཡང་ན་
ཕྱོགས་བསྒྲིགས་ཅན་གྱི་དཔེ་དེབ་ ཚུ་ལོག་བཙུགས་བཞག་ས་ དབྱེ་ཁག་ གསལ་བྱེད་
༼ཀ་ལས་ན་༽ ཚུན་གི་ཡི་གུ་དང་ ཨང་བརྟག་བཀལ་ཡོད་མི་དང་འཁྲིལ་ཏེ་
སྡེ་ཚན་རང་སོའི་ས་སྒོ་ནང་བཞག་ནི་ཨིན།།
རྩ་བའི་སྡེ་ཚན།
དཔེ་མཛོད་ཀྱི་གསུང་རབ་དང་དཔེ་དེབ་བཙུགས་བཞག་ས་
རྩ་བའི་སྡེ་ཚན་ཁག་གསུམ་སྦེ་དབྱེ་སྟི་ཡོདཔ་ཨིན།
- གསུང་འབུམ་།
- མངའ་ཁུལ་གྱི་ཆོས་ལུགས་དང་འཁྲིལ་ཏེ་བཞག་ཡོད་པའི་
དཔེ་དེབ་དང་དཔེ་ཆ།
- དབྱེ་ཁག་མེད་པ་དང་ མངའ་འཁུལ་གྱི་ཆོས་ལུགས་དང་འབྲེལ་བ་མེད་པའི་
དཔེ་དེབ་དང་ དཔེ་ཆ།
སྡེ་ཚན་དང་པ་ གསུང་འབུམ།
སྡེ་ཚན་དང་པའི་ནང་ལུ་ འབྲུག་རྒྱལ་ཡོངས་དཔེ་མཛོད་ཁང་ནང་ཡོད་པའི་
ནང་པ་སངྱས་ཀྱི་གསུང་རབ་བཀའ་འགྱུར་དང་བསྟན་འགྱུར་དང་མཁས་དབང་ཚུ་གིས་
མཛད་ཡོད་པའི་སྡེ་སྣོད་གསུམ་ནང་ལས་བཏུས་པའི་གསུང་རབ་ཀྱི་དཔེ་ཆའི་རིགས་ཚུཡང་
འདི་ནང་བསྡུ་ནི་ཨིནམ་ད་ པར་མའི་གསུང་རབ་ མདོ། འདུལ་བ། རྒྱུད།
བཟུམ་སྦེ་བ་ཅིན་ དེ་ཚུ་རང་སོའི་ ས་སྒོ་ནང་བཙུགས་བཞག་ཐབས་ལུ་
ངོ་རྟགས་དབྱེ་ཡིག་ ༼༡-ཀ-xxxx༽ བྲིས་ཏེ་ཡོད་མི་འདི་ ༼༡༽
སྡེ་ཚན་དང་པའི་དོན་དང་ ༼ཀ༽ རིགས་སྣ་དང་ ༼Xxxx༽
ཨང་གྲངས་ཨིནམ་ལས་འདི་དང་འཁྲིལ་
ཏེ་བཞག་ནི་ཨིན།།
གསུང་འབུམ་དང་འབྲེལ་པའི་དཔེ་ཆ་ཚུ་ གཙོ་བོ་རང་
དཔེ་མཛོད་ཁང་གི་སྟེང་ལུ་བཞག་ཡོདཔ་ཨིན་རུང་
པར་ཐེང་མ་འདྲ་པའི་གསུང་འབུམ་ལ་ལུ་ཅིག་ ཐོག་གཉིས་པའི་ཡན་ཆད་ཀྱི་
མཆོད་བཤམ་གྱི་ཟུར་ཁ་ལུ་བཞག་ཡོདཔ་ཨིན།།
སྡེ་ཚན་གཉིས་པ་ཆོས་ལུགས་དང་འཁྲིལ་ཏེ་བཞག་ཡོད་པའི་
དཔེ་དེབ་དང་དཔེ་ཆ།
སྡེ་ཚན་གཉིས་པའི་ནང་ལུ་ ཆོས་སྐད་དང་
རྫོང་ཁ་ནང་བྲིས་ཏེ་ཡོད་པའི་དཔེ་དོབ་དང་
དཔེ་ཆ་ཁག་མ་འདྲཝ་མང་ཤོས་རང་ཡོདཔ་ལས་ དེ་ཚུ་ག་ར་ ཐོ་བཀོད་བརྐྱབ་ཡོདཔ་
མ་ཚད་རང་སོའི་ཆོས་ལུགས་དང་ མཛད་པ་པོའི་རིགས་དང་འཁྲིལ་ཏེ་བཞག་ནི་ཨིན།
དེ་ཚུ་རང་སོའི་ས་སྒོ་ནང་བཙུགས་བཞག་ཐབས་ལུ་ དཔེར་ན་་ཁོ་རའི་སློབ་མ་གིས་
བྲི་བྲིསཝ་ས་སྐྱའི་བླམ་གྱི་རྣམ་ཐར་བཟུམ་སྦེ་བ་ཅིན་ དེ་ལུ་
ངོ་རྟགས་དབྱེ་ཡིག་ ༼༢-ས-ད-xxxx༽ བྲིས་ཏེ་ཡོད་མི་འདི་ ༼༢༽
སྡེ་ཚན་གཉིས་པའི་དོན་དང་ ༼ས༽ ས་སྐྱའི་ཆོས་ལུགས་ཀྱི་དོན་དང་ ༼ད༽
སྡེབ་བཟོའི་རིགས་སམ་ མཛད་པ་པོའི་སྡེ་ཚན་དང་ ༼xxxx༽
འདི་ཨང་གྲངས་ཨིནམ་ལས་འདི་དང་འཁྲིལ་ཏེ་བཞག་ནི་ཨིན།།
ཆོས་ལུགས་ཀྱི་དབྱེ་ཡིག
- བཀའ་- བཀའ་བརྒྱུད་པ།
༼བཀའ་བརྒྱུད་ཆེ་བ་བཞི་དང་ཆུང་བ་བརྒྱད་ཆ་མཉམ༽
- དགེ་ - དགེ་ལུགས་པ་དང་བཀའ་དམ་པ།
- ས་- ས་སྐྱ།
- རྙིང་- རྙིང་མ་པ་དང་ ༼རྫོགས་ཆེན༽
- ཇོ་- ཇོ་ནང་པ།
- བོན་- བོན་པོ།
ཀབའ་བརྒྱུད་ཀྱི་བླམ་ཚུ་གིས་མཛད་པའི་
གསུང་རབ་མང་ཤོས་ཅིག་སྟེག་ཐོག་ལུ་བཞག་ཡོདཔ་མ་ཚད་ དེ་དག་མཉམ་ཅིག་
རྙིང་མའི་བླམ་ཚུ་གིས་མཛད་ཡོད་པའི་གསུང་རབ་ དག་པ་ཅིག་ཡང་དེ་ནང་ཡོདཔ་ཨིན།།
ཕྱོགས་བསྒྲིགས་ཅན་གྱི་དཔེ་ཆ་དང་ཆོས་སྐོར་གྱི་དཔེ་ཆའི་རིགས་
དཔེར་ན་ རིན་ཆེན་གཏེར་མཛོད། སྒྲུབ་ཐབས་ཀུན་བཏུས། དགོངས་པ་ཟང་ཐལ།
གདམས་ངག་མཛོད། ལ་སོགས་པ་སྡེ་ཚན་ཅན་གྱི་རིགས་ཚུ་
རང་སོའི་ས་སྒོ་ནང་འཇམ་ཏོག་ཏོ་འབད་བཙུགས་བཞག་ནི་གི་དོན་ལུ་
གསུང་རབ་དང་ཆོས་སྐོར་གྱི་མཚན་རྟགས་དང་འཁྲིལ་ཏེ་ དབྱེ་ཡིག་
༼ཏ༽བྲིས་ཏེ་ཡོད་མི་དང་བསྟུན་བཞག་ནི་ཨིན།།
སྡེ་ཚན་གསུམ་པ་ དབྱེ་ཁག་མེད་པ་དང་
མངའ་འཁུལ་གྱི་ཆོས་ལུགས་དང་འབྲེལ་བ་མེད་པའི་ དཔེ་དེབ་དང་ དཔེ་ཆ།
སྡེ་ཚན་གསུམ་པའི་ནང་ལུ་
གསུང་འབུམ་མིན་པའི་རྩོམ་བྲིས་ཁྱད་པར་ཅན་གྱི་དཔེ་ཆའི་རིགས་མ་འདྲཝ་ཚུ་ཡོདཔ་ཨིནམ་ད་
དེ་ཚུ་ཆོས་ལུགས་དང་འཁྲིལ་ཏེ་
ཐོ་བཀོད་མ་བརྐྱབ་པར་ རིགས་སྣ་དང་བསྟུན་ཏེ་བཙུགས་བཞག་སའི་ས་སྒོ་
བཞག་ཡོདཔ་ཨིན། དཔེ་བཟུམ་ཅིག་བཀོད་པ་ཅིན་ འགོས་ལོ་ཙཱ་བ་གཞོན་ནུ་དཔལ་
གི་དེབ་ཐེར་སྙིང་པོ་ འདི་ལུ་ངོ་རྟགས་དབྱེ་ཡིག་
༼༣-ན-xxxx༽བྲིས་ཏེ་ཡོད་མི་འདི་ ༼༣༽སྡེ་ཚན་གསུམ་པའི་དོན་དང་ ༼ན༽
དེབ་ཐེར་གྱི་རིགས་ཀྱི་
དོན་དང་ ༼xxxx
༽དེ་དང་འབྲེལ་ཡོད་ཀྱི་ཨང་གྲངས་ཨིནམ་ལས་འདི་དང་འཁྲིལ་ཏེ་བཞག་ནི་ཨིན།།
དབྱེ་རིམ་སྡེ་ཚན།
སྡེ་ཚན་གྱི་དབྱེ་ཡིག
༼སྡེ་ཚན་ དང་པ༽ གསུང་འབུམ།
༼ཀ༽ བཀའ་འགྱུར་དང་བསྟན་འགྱུར།
༡. མདོ་སྡེ།
༢. འདུལ་བ།
༣. ཆོས་མངོན།
༤. རྒྱུད་འབུམ།
༥. གཞུང་འདུས
༦. བསྟོད་ཚོགས།
༧. རྒྱུད།
༨. ཤེར་ཕྱིན།
༩. དབུ་མ།
༡༠. སེམས་ཙམ།
༡༡. འདུལ་འགྲེལ།
༡༢. ཚད་མ།
༡༣. སྒྲ་མདོ།
༡༤. སྣ་ཚོགས།
དེ་ནང་མ་ཚུད་པའི་གསུང་རབ་དང་འབྲེལ་བའི་དཔེ་ཆ་ག་ར་
སྡེ་ཚན་གཉིས་པ་དང་གསུམ་པའི་ནང་ཚུདཔ་ཨིན།
༼ཁ༽ མདོ་འགྲེལ་མཆན་གྱི་སྐོར།
འགྲེལ་པ། རྣམ་འགྲེལ། རྣམ་བཤད། དཀའ་འགྲེལ། རྒྱ་ཆེར་བཤད་པ།
མཆན་འགྲེལ། མཆན་དུ་བཀོད་པ། རྣམ་གཞག བརྗེད་བྱང་།
ཟིན་བྲིས་སུ་བཀོད་པ་སོགས་པ་ ག་ཅི་ར་ཡོད་རུང་ སྡེ་ཚན་
༼ཁ༽སྡེ་ནང་ལུ་ཚུདཔ་ཨིན།
༡. འདུལ་བ་དང་མདོ་སྡེ།
༢. དབུ་མ།
༣. སེམས་ཙམ
༤. ཚད་མ།
༥. ཕར་ཕྱིན། ༼བསྟན་བཅོས༽
༦. གྲུབ་མཐའ།
༼ཁ༽ ཕར་ཕྱིན་གྱི་ཐེག་པ་་་ རྒྱས་བཤད་ཀྱི་དཔེ་ཆ། དབྱེ་དཔྱད་ཀྱི་དཔེ་ཆ།
མཆན་འགྲེལ། གསལ་བཤད་ཀྱི་དེབ། བཅུད་དོན་བཏོན་ཡོད་པའི་དཔེ་ཆ།
གྲུབ་མཐའི་བཤད་པ། མཚན་ཉིད་དང་
གསུང་རབ་དང་འབྲེལ་བའི་དཔེ་ཆ་ག་ར་སྡེ་ཚན་འདི་ནང་ཚུདཔ་ཨིན།།
༼ག༽ སྒྲུབ་ཐབས། གསང་སྔགསདང་རྒྱུད་འགྲེལ་གྱི་སྐོར།
༡. སྒྲུབ་ཐབས། བསྙེན་སྒྲུབ། ཐུགས་སྒྲུབ། ཚེ་སྒྲུབ། རིལ་སྒྲུབ།
ནོར་སྒྲུབ། མངོན་སྒྲུབ། སྲོག་སྒྲུབ། བཟླས་བརྗོད། བསྐྱེད་རིམ། རྫོགས་རིམ།
༢. བླ་སྒྲུབ། བླ་མའི་སྒྲུབ་ཐབས། གསང་སྒྲུབ། བདག་བསྐྱེད། བསྐྱེད་རྫོགས།
བུམ་བསྐྱེད། དམིགས་རིམ། སྒོམ་རིམ།
༣. བླ་མའི་རྣལ་འབྱོར།
༤. གཟུངས་སྔགས།
༥. རྒྱུད་དང་རྒྱུད་འགྲེལ། འགྲེལ་བཤད། དཀའ་འགྲེལ་དང་རྣམ་གཞག་ལ་སོགས་པ།
༦. བཀའ་འགྱུར་དང་བསྟན་འགྱུར་ནང་མ་ཚུད་པའི་རྫོགས་ཆེན་དང་རྙིང་མའིདཔེ་ཆ་
ག་ཅི་རང་ཨིན་རུང་ སྡེ་ཚན་འདི་ནང་ཚུདཔ་ཨིན། དཔེ་འབད་བ་ཅིན་
རིང་རྒྱུད་བཀའ་མ། གསང་སྔགས་ནང་རྒྱུད་སྡེ་གསུམ། ནས་བརྒྱུད་གཏེར་མ།
ཟབ་མོ་དག་སྔགས། ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཞུཝ་ཨིན།
༼ག༽ སྔགས་ཀྱི་ཐེག་པ་་་་ སྒོམ་སྒྲུབ། དམིགས་རིམ། བསྐྱེད་རིམ།
རྫོགས་རིམ་དང་གུ་རུ་ཡོ་གའི་དཔེ་ཆ་ཚུ་གིས་མ་ཚད་པར་ ཆོས་ལུགས་སོ་སོའི་
གསལ་བཤད་ ཀྱི་དཔེ་ཆ་དང་ གསང་སྔགས་འགྲེལ་བཤད་ཀྱི་དཔེ་ཆ་དང་
རྙིང་མ་དང་རྫོགས་ཆེན་གྱི་ བཀའ་མ་དང་གཏེར་མའི་དཔེ་ཆ་པོ་ཏི་རེ་རེ་ཡོད་
མི་ཚུ་ཡང་སྡེ་ཚན་འདི་ནང་ ཚུདཔ་ཨིན།།
གསལ་སྒྲགས་་་ ཀློང་ཆེན་སྙིང་ཐིག
རྙིང་མ་རྒྱུད་འབུམ་དང་དེ་གིས་མ་ཚད་པར་ ཕྱོགས་བསྒྲིགས་འབད་འདི་ཡོད་པའི་
སྒྲུབས་ཐབས་སོགས་ཀྱི་དཔེ་ཆ་ དང་གསང་སྔགས་ཀྱི་དཔེ་ཆ་ག་ཅི་ར་འབད་རུང་
དབྱེ་རིམ་གྱི་དབྱེ་ཡིག་ ༼ཏ༽ གི་ནང་ལུ་བལྟ་དགོ།
༼ང་༽ ལམ་རིམ་བློ་སྦྱོང་ཉམས་ལེན་དང་
གསུང་མགུར་སོགས་ཀྱི་སྐོར།
༡. ལམ་རིམ། ཐར་ལམ།
༢. ལམ་འབྲས། སློབ་བཤད།
༣. བློ་སྦྱོངས་།
༤. གསུང་བགྲོས་དང་གསུང་ཐོར་བུ། བཀའ་ཐོར་བུ། སྔགས་ཐོར་བུ། གསུང་མཆན། མཛོད།
༥. ཉམས་ལེན་དང་ཕྱག་ལེན།
༦. གསུང་མགུར་རྡོ་རྗེའི་གླུ། ཆོས་གླུ་དང་ཉམས་མགུར། ཐོལ་གླུ།
༼ང༽ གྲུབ་མཐའ་དང་དགོངས་པ་ཀློང་བརྡོལ་གྱི་དང་
སློབ་པ་ལམ་དུ་ཞུགས་པའི་དཔེ་ཆ། སྒོམ་པ་ཉམས་ལེན་གྱི་དང་
ལམ་སྣ་འཛིན་པའི་རྣམ་མགུར་གྱི་ རིགས་ག་ཅི་ར་འབད་རུང་
སྡེ་ཚན་འདི་ནང་ཚུད་འདི་ཡོདཔ་ཨིན།།
༼ཅ༽ སྨོན་ལམ་དང་གསོལ་འདེབས་སོགས་ཀྱི་སྐོར།
༡. སྨོན་ལམ། གསོལ་འདེབས། འདོད་གསོལ་གྱི་སྨོན་ཚིག མངའ་གསོལ།
སྨོན་འདེབས། བྱིན་འདེབས། ཤིས་བརྗོད། མཆོད་བརྗོད། གྲོས་འདེབས། སྤྱན་འདྲེན།
༢. བླ་འདེབས ༼བླ་མ་བསྒྲུབས་པའི་གསོལ་འདེབས༽ ཞབས་བརྟན། བརྟན་བཞུགས།
༣. འཕྲིན་བཅོལ།
༤. བསྙེན་ཡིག བསྙེན་པ།
༥. སྡིག་བཤགས་དང་ལྟུང་བཤགས། སྐོང་བཤགས་དང་བསྐང་གསོལ།
བཤགས་སྡོམ་དང་བཤགས་བརྗོད། གསོ་སྦྱོང། བསྐང་གསོ།
༦. བསྟོད་པ། བསྟོད་ཚོགས། དབང་བསྟོད། མཆོད་བསྟོད།
༧. བསྔོ་ཡིག་ བསྔོ་བ།
༨. བཀའ་བསྒོ་ རྗེས་གནང་།
༼ཅ༽ སྡེ་ཚན་འདི་ནང་ལུ་
ཁ་ཐུན་དགེ་སྦྱོར་གྱི་དཔེ་ཆའི་རིགས་ག་ར་འདི་གི་ཁོངས་སུ་ལུ་བསྡུ་ནི་ཨིན།།
༼ཆ༽ ཞལ་གདམས་མན་ངག་དང་ ང་ ཁྲིད་ཡིག་གི་སྐོར།
༡. ཞལ་གདམས། གདམས་ངག གདམས་པ། གདམས་ཆོས། མན་ངག
༢. ཁྲིད་ཡིག དམར་ཁྲིད། ལམ་ཁྲིད། གམིགས་ཁྲིད། ཚེ་ཁྲིད། དོན་ཁྲིད།
༣. བསླབ་བྱ།
༤. སྔོན་འགྲོ། ངོ་སྤྲོད། ཀློག་ཐབས།
༥. ཡིག་ཆ།
༦. ཞུས་ལན། ཡིག་ལན། དྲིས་ལན། ཐོབ་ཡིག གསང་ཡིག
༧. ཟིན་བྲིས། མཚན་ཐོ། ཐོ་ཡིག། པར་ཐོ། བརྗེད་བྱང་། ས་བཅད།
༨. རྩོད་གླེང་། རྩོད་ཟློག
༩. དགག་པ། དགག་ལན།
༼ཆ༽ འདི་ན་ལུ་ གསང་བའི་གདམས་ངག་ ལམ་སྟོན་གྱི་དཔེ་ཆ་
རྩོད་ཟློག་གི་དཔེ་ཆ་ཚུ་དང་ བཀའ་ཁྲིད་གྱི་ཟིན་བྲིས་འཐབ་ཐབ་དང་
སུན་འབྱིན་གྱི་དཔེ་ཆ་ལ་སོགས་པ་ཚུ་ག་ཅི་ར་འབད་རུང་
སྡེ་ཚན་འདི་ནང་ལུ་ཚུད་ཡོདཔ་ཨིན།།
༼ཇ༽ མདོ་སྔགས་ཆོས་སྤྱོད་སོགས་ཀྱི་ཆོ་གའི་སྐོར།
༡. སྦྱིན་སྲེག་གི་ཆོ་ག དཀྱིལ་འཁོར་གྱི་ཆོ་ག སྦྱང་བའི་ཆོ་ག
ས་བཅུད་བུམ་སྒྲུབ་ཀྱི་ཆོ་ག སྡོམ་པ་འབོག་པའི་ཆོ་ག རྗེས་འཛིན་ཆོ་ག ལྷན་ཐབས།
༢. ཕྱག་མཆོད་ ༼ཕྱག་འཚལ་དང་མཆོད་པ༽ མཆོད་འབུལ། གསོལ་མཆོད། ཚོགས་མཆོད།
སྒྲུབ་མཆོད། མཆོད་བསྟོད། བསངས་མཆོད། མཆོད་འཕྲེང་།
༣. བླ་མཆོད་ ༼བླ་མ་མཆོད་པའི་ཆོ་ག༽
༤. བཟློག་བསྒྱུར་ཆོ་ག གཏོར་བཟློག བཏོར་བཤད། གཏོར་འབུལ། བདུད་བཟློག
གཏོ་བསྒྱུར། བྲུལ་གཏོར། གཏོར་མ། ཀླུ་གཏོར། གཏོར་མའི་ཆོ་ག
གཏང་རག གཟོར་གྱི་ཆོ་ག ཚེ་འགུག
༥. མདོས་ཆོ་ག བསྒྱུར་མདོས། མདོས་བཟློག གླུད་དང་སྲོག་གླུད། འགེགས་སེལ།
བཅོས་ཐབས། ལྷོ་སྒོ།
༦. གཆོད། དུར་གཆོད། ཚར་གཆོད། ཞི་བྱེད། འཁྲུགས་སྐོང་།
༧. ལས་བྱང་། ལས་ཚོགས། ལས་རིམ། རབ་གནས།
༨. གསེར་སྐྱེམས། ཁྲག་སྐྱེམས། ཇ་མཆོད། ལྟོ་མཆོད།
༩. ཁྲུས་གསོལ། བྱབས་ཁྲུས།
༡༠. དབང་ཆོ་ག དབང་བསྐུར། བདག་དབང་། བདག་བཤད།
༼ཇ༽ ཚུར་བསྡུ་བ་ཅིན་ དབང་སྒྲུབ་དང་གནས་སྐབས་ཀྱི་རིམ་གྲོའི་དཔེ་ཆ་སོགས་དང་
ཁྲུས་གསོལ་དང་སྦྱིན་སྲེག་དྲག་པོའི་ལས་ཀྱི་བྱ་བ་སྒྲུབས་ཐབས་ཀྱི་དཔེ་
ཆ་ཆ་མཉམ་སྡེ་ཚན་འདི་ནང་ལུ་ཡོདཔ་ཨིན།།
༼ཉ༽ རིག་གནས་ཆེ་ཆུང་སོགས་ཀྱི་སྐོར།
༡. བཟོ་རིག་པ། ཟློས་གར། ཨ་ལྕེ་ལྷ་མོ། འཁྲབ་གཞུང་།
སྐུ་རྟེན་བཞེངས་ཚུལ། ཐིག་རྩ་སྐོར། ཞིང་དང་དཀྱིལ་འཁོར་གྱི་བཀོད་པ།
རྟེན་གྱི་སྐོར་ཚད།
རས་རིས་བྲིས་ཚུལ། བྲིས་ཡིག གཏོར་བཟོ།
༢.སྒྲ་རིག་པ། སུམ་ཅུ་པ་དང་རྟགས་ཀྱི་འཇུག ༼དིའི་འགྲེལ་པ༽ བརྡའི་བསྟན་བཅོས།
བརྡ་གསར་རྙིང་གི་སྐོར། དག་ཡིག ཚིག་མཛོད། མངོན་བརྗོད།
སྙན་ངག་དཔེར་བརྗོད། སྡེབ་སྦྱོར།
མིང་གི་རྣམ་གྲངས། ཡིག་བསྐུར་རྣམ་གཞག དཔེ་རིས། ལེགས་བཤད།
ལུགས་ཀྱི་བསྟན་བཅོས།
༣. གསོ་རག༼གསོ་བ་རིག་པ༽ སྨན་གཞུང་། ཁོག་འབུབས་སམ་ཁོག་དབུབ། འཁྲུངས་དཔེ།
༤. རྩིས༼དཀར་ནག༽ རྩིས་གཞུང་། སྐར་རྩིས། མོ་རྩིས། མོ་ནེབ།
རྨི་ལམ་བྱ་སྒྲ་སོགས་ཀྱི་རྟངས་དཔྱད། ཤོ་མོ་དེབ། ཟོར་འཕེན། ཕྱ་ཕྲིན།
༥. གཏན་ཚིགས་རིག་པ།
༼ཉ༽ སྡེ་ཚན་འདི་ནང་ལུ་
ཐ་སྙད་རིག་པའི་གནས་དང་འབྲེལ་བའི་དཔེ་ཆ་ག་ར་འདི་ནང་ཡོདཔ་ཨིན།།
༼ཏ༽ གསུང་འབུམ་དང་ཆོས་སྐོར་སོགས་ཀྱི་སྐོར།
༡. གསུང་འབུམ། བཀའ་འབུམ། གསུང་རབ།
༢. ཆོས་སྐོར། ཆོས་སྡེ།
༼ཏ༽ ཆོས་འཁོར་དང་འབྲེལ་བའི་ དཔེ་ཆའི་རིགས་སྡེ་ཚན་འབད་ཡོད་མི་དང་
ཕྱོགས་སྒྲིགས་འབད་ཡོད་མི་ག་ར་སྡེ་ཚན་འདི་ནང་ཡོདཔ་ཨིན།
༼ཐ༽ རྣམ་ཐར་འཁྲུངས་རབས་དང་གཏེར་ཆོས་སོགས་ཀྱི་སྐོར།
༡. རྣམ་ཐར་ ༼ཕྱི་ནང་གསང་གསུམ༽
༢. འཁྲུངས་རབས། སྐྱེས་རབས། གཏན་རབས། ཁྲི་རབས། སྐུ་འཕྲེང་། གདུང་རབས།
༣. རྟོགས་བརྗོད།
༤. བཀའ་ཡི་ཐང་ཡིག བཀའ་ཐང་།
༥. བཀའ་མ། གཏེར་མ། གཏེར་ཆོས། གཏེར་ཡིག གཏེར་བྱང་། བྲིས་བྱང་། ཞལ་བྱང་།
༼ཐ༽ རྣམ་ཐར། འཁྲུངས་རབས། འཁྲུངས་དཔེ་དང་
གཏེར་མའི་དཔེ་ཆ་ག་ར་སྡེ་ཚན་འདི་ནང་ལུ་ཡོདཔ་ཨིན།།
གསལ་བསྒྲགས་་་ པོ་ཏི་ལེ་ཤ་ཡོད་པའི་ བཀའ་མ་དང་གཏེར་མ་
དེ་ལས་གཏེར་མཛོད་ཀྱི་དཔེ་ཆ་ཚུ་ཡང་སྡེ་ཚན་ ༼ཏ༽ ནང་ལུ་བལྟ་དགོ།
༼ད༽ རྒྱལ་རབས་ཆོས་འབྱུང་དང་གནས་ཡིག་སོགས་ཀྱི་སྐོར།
༡. ཆོས་འབྱུང་། བསྟན་འབྱུང་།
༢. རྒྱལ་རབས། དེབ་ཐེར། ཡིག་ཚང་། ལོ་རྒྱུས།
༣. དཀར་ཆག གནས་ཡིག ལམ་ཡིག གནས་བཤད། གནས་བསྟོད། བྱུང་ཁུངས། སྐོར་ཚད།
ལག་ཁྱེར།
༤. བསྟན་རྩིས། རེའུ་མིག
༥. ཁྲིམས་ཡིག བཅའ་ཡིག ཆབ་ཤོག འཕྲིན་ཡིག ཡི་གེ་ སྤྲིངས་པ། སྤྲིངས་ཡིག
༦. བཀའ་ཆེམས། ཞལ་ཆེམས།
༧. སྒྲུང་། གཏམ་རྒྱུད། གཏམ་སྒྲུང་། ༼གེ་སར་སྒྲུང་དང་རབས་སོགས༽
༨. གཞས། གླུ་དེབ། གཏམ་དཔེ། དཔེ་ཆོས།
༩. བེའུ་བུམ། འབེལ་གཏམ། མོལ་བ།
༡༠.༼མ་འོངས༽ལུང་བསྟན། ལུང་བྱང་།
༼ད༽ མདོར་བསྡུ་བ་ཅིན་ ཆོས་ལུགས་དང་འབྲེལ་བའི་ཆོས་འབྱུང་ རྒྱལ་རབས་
གནས་ཡིག་ ཁྲིམས་ཡིག་དང་སྒྲུང་གཏམ་
ལ་སོགས་པའི་དཔེ་ཆ་ག་ར་སྡེ་ཚན་འདི་ནང་ལུ་ཡོདཔ་ཨིན།།
༼ན༽ དཔེ་དེབ་སྣ་ཚོགས་ཀྱི་སྐོར།