English

࿑ འབྲུག་རྒྱལ་ཡོངས་དཔེ་མཛོད།

འབྲུག་རྒྱལ་ཡོངས་དཔེ་མཛོད་དང་ ཡིག་རྙིང་གཉེར་འཇོག་ཁང་གི་ ཡོངས་འབྲེལ་ནང་ལུ་བྱོན་པ་ལེགས་སོ་ཡོད།

དམིགས་ཡུལ།

དུས་ནམ་རང་འབད་རུང་ འཛམ་གླིང་བརྡ་དོན་གྱི་ཐབས་རིག་ཚུ་ལུ་བརྟེན་ཏེ་ དཔལ་ལྡན་འབྲུག་པའི་ སྔར་སྲོལ་ལམ་ལུགས་ཀྱི་སྐོར་ལས་ དངོས་མཐོང་གློག་བརྙན་ཚུ་ བལྟ་ནིའི་གོ་སྐབས་ཡོདཔ་བཟོ་ནི་དང་ འཛམ་གླིང་གི་ གནས་ཚུལ་ཚུ་འབྲུག་མི་ཡོངས་ལུ་ བརྡ་དོན་སྤྲོད་ནི་འདི་ འབྲུག་རྒྱལ་ཡོངས་དཔེ་མཛོད་ཀྱི་དམིགས་ཡུལ་ཨིན། དམིགས་ཡུལ་འདི་འགྲུབ་ཐབས་ལུ་ འབྲུག་རྒྱལ་ཡོངས་དཔེ་མཛོད་ཀྱིས་ཁ་ཐུག་ལས་ མ་འོངས་པ་ལུ་འབྲུག་པའི་ དངོས་ཁུངས་ལྡན་པའི་རིགས་ཚུ་མཁོ་བསྒྲུབ་འབད་དེ་ རྒྱལ་ཡོངས་དང་ རྒྱལ་སྤྱིའི་བརྡ་དོན་གྱི་ཐབས་རིག་ཚུ་ནང་ལུ་ ལྷོད་ཚུགས་པའི་འཛུལ་སྒོ་བཟུམ་ཅིག་ བཟོ་ནིའི་ནིའི་རེ་འདོད་ཡོདཔ་ཨིན།།

ལཱ་འགན།

དཔེ་མཛོད་འདི་སྤྱི་ལོ་ ༡༩༦༧ ལོར་གཞི་བཙུགས་གནང་ཞིནམ་ལས་ སྤྱི་ལོ་ ༡༩༨༥ ལོར་ སྲོལ་འཛིན་ལས་ཁུངས་དང་མཉམ་ཅིག་བསྡེབ་ནུག།

རྒྱལ་ཡོངས་དཔེ་མཛོད་ ཀྱི་ལཱ་འགན་འདི་ཚུ་ཡང་

  •   དཔལ་ལྡན་འབྲུག་པའི་སྔོན་དང་ཕུགས་ཀྱི་ ཆོས་ལུགས་དང་འབྲེལ་བའི་ རིག་གཞུང་དང་རྒྱལ་རབས་ཅན་གྱི་ཕྱག་དཔེ་ མཁོ་བསྒྲུབ་འབད་ནི་དང་ ལམ་ལུགས་སྲོལ་ཚུ་ མི་ཉམས་རྒྱུན་སྐྱོང་འཐབ་ནི།
  •   ཤེས་ཡོན་འཕྲོ་མཐུད་བལྟ་མི་ཚུ་དང་ ཞིབ་འཚོལ་པ་ཚུ་ལུ་ མཐུན་རྐྱེན་མཁོ་སྤྲོད་འབད་ནི།
  •   དཀོན་དྲགས་གི་ཕྱག་དཔེ་རྙིངམ་ཚུ་དང་ པར་མ་དང་བྲིས་མའི་ཕྱག་དཔེ་ཚུ་ ཉེན་སྲུང་དང་རྒྱུན་སྐྱོང་འཐབ་ནི།
  •   སྔར་སྲོལ་ཁ་རྒྱུན་ལས་བརྒྱུད་པའི་སྲུང་ཚུ་དང་ རིག་གཞུང་དང་འབྲེལ་བའི་ཡིག་ཆ་ཚུ་ ཞིབ་འཚོལ་འབད་དེ་ཐོ་བཀོད་བརྐྱབ་ནི།
  •   སྔར་སྲོལ་རིག་གཞུང་གི་ཕྱག་དཔེ་དང་ བརྗོད་དོན་མཚུངས་པའི་ཕྱག་དཔེ་ཚུ་དཔར་མསྐྲུན་འབད་ནི་དང་ གོང་འཕེལ་བཏང་ནི་ཚུ་ཨིན།།

ཡོངས་འབྲེལ་འདིའི་ལམ་སྟོན།

རྒྱལ་ཡོངས་དང་རྒྱལ་སྤྱི་ལུ་ འབྲུག་པའི་སྔར་སྲོལ་དངོས་མཐོང་གློག་བརྙན་དང་ སྔར་སྲོལ་གྱི་ཡིག་ཆ་རྙིངམ་ཚུ་འཐོབ་ནིའི་དོན་ལུ་ ཡོངས་འབྲེལ་འདི་ཐབས་ཤེས་ཆུང་ཀུ་གཅིག་ཨིན།།