གནས་ཚུལ་དང་དུས་སྟོན།
རྒྱལ་ཡོངས་དཔེ་མཛོད་ཀྱི་གནས་ཚུལ། ༢༠༠༩
༢༠༠༩ དབྱིན་ཟླ་ ༡༡པ།
རྒྱ་གར་གཞུང་གི་དཔེ་མཛོད་མཁས་མཆོག་དང་ ཌེལ་ནེཊ་གྱི་མདོ་ཆེན་ དྲག་ཀྲར་ཨེཆ་ཀེ་ཀཱོལ་ མཆོག་གཟིགས་སྐོར་ལུ་བྱོན་ཡོདཔ།
དབྱིན་ལོ་ ༢༠༠༩ སྤྱི་ཟླ་ ༡༡ པའི་ཚེས་ ༢༠ ལས་ ༢༧ ཚུན་བདུན་ཕྲག་གཅིག་གི་རིང་ལུ་ ང་བཅས་འབྲུག་རྒྱལ་ཡོངས་དཔེ་མཛོད་དང་ཡིག་རིགས་གཏན་འཇོག་ཁང་གིས་ རིག་གསར་དཔེ་མཛོད་བརྐྱབ་ནིའི་གྲོས་གཞི་དང་འཁྲིལ་བའི་མགྲོན་བརྡ་ཕུལཝ་བཞིན་དུ་ རྒྱ་གར་གཞུང་གི་དཔེ་མཛོད་མཁས་མཆོག་དང་ ཌེལ་ནེཊ་གྱི་མདོ་ཆེན་ དྲག་ཀྲར་ཨེཆ་ཀེ་ཀཱོལ་ མཆོག་འབྲུག་རྒྱལ་ཁབ་ནང་ལུ་བྱོན་ཡོདཔ་ཨིན། ཁོ་གིས་དཔེ་མཛོད་ཀྱི་ལས་བྱེད་པ་ཀུན་ལུ་རིག་གསར་དཔེ་མཛོད་དང་འབྲེལ་བའི་ཤེས་ཡོན་གནངམ་མ་ཚད་ རིག་གསར་གྱི་དཔེ་མཛོད་དང་ལུང་ཕྱོགས་ཡན་ལག་དཔེ་མཛོད་བརྐྱབ་ནིའི་སྙན་ཞུ་འདི་ རྒྱལ་ས་ལྟེ་བ་ལུ་ཡོད་པའི་རྒྱ་གཞུང་སྐུ་ཚབ་ཡིག་ཚང་ནང་ ཕུལ་ནིའི་དོན་ལུ་གྲ་སྒྲིག་འབད་ནི་ཨིན་པས།།
བདུན་ཕྲག་གཅིག་བཞུགས་པའི་རིང་ལུ་ དྲག་ཀྲར་མཆོག་གིས་དྲྭ་འབྲེལ་ཤེས་ཡོན། རྒྱལ་ཡོངས་དཔེ་མཛོད་ཀྱི་ལཱ་འགན། དེ་ལས་ ཁོ་ལུ་ཉམས་མྱོང་ཡོད་པའི་དཔེ་མཛོད་གོང་འཕེལ་གཏང་ཐབས་དང་ ལས་བྱེད་པ་ཉམས་མྱོང་ཅན་དགོཔ། དྲྭ་འབྲེལ་དྲི་ཇི་ཀྲེལ་གྱི་མཐུན་རྐྱེན་ཚུ་སྤྱོད་ཐངས་དང་ དྲི་ཇི་ཀྲེལ་གྱི་མཐུན་རྐྱེན་གྱི་རིགས་ཚུ་གསར་བཏོན་འབད་ཐབས་ཀྱི་སྐོར་ལས་ གཙུག་སྡེ་སོ་སོ་ལས་བྱོན་པའི་དཔེ་མཛོད་ལས་བྱེད་པ་ཚུ་ལུ་གསལ་ཞུ་འབད་ཡོདཔ་ཨིན།
༢༠༠༩ དབྱིན་ཟླ་ ༡༠ པ།
ཉམས་སྲུང་གི་གོ་བསྡུར་ཞལ་འཛོམས།
འབྲུག་རྒྱལ་ཡོངས་དཔེ་མཛོད་དང་ཡིག་རིགས་གཏན་འཇོག་ཁང་དང་ ཌེ་ནི་ཌ་མཉམ་འབྲེལ་ལས་འགུལ་མཉམ་རུབ་ཀྱི་ཐོག་ལུ་ དབྱིན་ལོ་ ༢༠༠༩ དབྱིན་ཟླ་ ༡༠ པའི་དབྱིན་ཚེས་ ༢༡ ལས་ ༢༦ ཚུན་བདུན་ཕྲག་གཅིག་གི་རིང་ལུ་ དཔེ་རྙིང་ཉམས་སྲུང་པ་མཁས་མཆོག་སིཝིི་དྲན་རྒྱལ་ཡོངས་ཡིག་རིགས་གཏན་འཇོག་ཁང་གི་ཉམས་སྲུང་སྡེ་ཚན་གྱི་འགོ་དཔོན་ ཇོ་ནས་པཱལམ་དང་ ཌན་མརྐ་རྒྱལ་གཞུང་དཔེ་མཛོད་ཀྱི་ཉམས་སྲུང་སྡེ་ཚན་ལས་ བིརིགེཊ་ བིནཐར་ ཧེནསེན་ གཉིས་ཀྱིས་དབྱིན་ལོ་ ༢༠༠༥ དང་ ༢༠༠༧། དེ་ལས་ད་རེས་ཀྱི་ཞལ་འཛོམས་རྩིས་ཏེ་ཉམས་སྲུང་གྱི་གོ་བསྡུར་ཞལ་འཛོམས་ ལེན་ཐེངས་གསུམ་འགོ་འདྲེན་འཐབ་ཡོདཔ་ཨིན་པས༎
གོ་བསྡུར་ཞལ་འཛོམས་འདི་གི་དམིགས་ཡུལ་གཙོ་བོ་རང་ རྒྱལ་ཡོངས་ཡིག་རིགས་གཏན་འཇོག་ཁང་གི་ལས་བྱེད་པ་ཚུ་དང་ བཅའ་མར་གཏོགས་མི་འབྲུག་མི་ཚུ་ལུ་ འབྲུག་རྒྱལ་ཁབ་ཀྱི་རྫོང་གཞི་དང་ལྷ་ཁང་། དགོན་སྡེ་དང་ལམ་སྲོལ་གྱི་གཙུག་སྡེ། དེ་ལས་མ་ཁྲམ་ལ་སོགས་པའི་ཐོ་ཡིག་ གསོག་འཇོག་འབད་དེ་ཡོད་པའི་ལས་སྡེ་ཁག་ཚུ་ནང་ལུ་ཡོད་པའི་ཡིག་ཆ་རྙིངམ་གྱི་རིགས་རྣམས་ ཉམས་སྲུང་འབད་ཐངས་ཀྱི་ཤེས་ཡོན་བྱིན་ཏེ་ ཤུལ་མར་ཉམས་སྲུང་གི་ལ་འབད་ནི་ནང་ལུ་ གྲོས་བསྟུན་པ་འབད་འགྱུར་ཐབས་ཀྱི་དོན་ལུ་ཨིན་པས༎
གོ་བསྡུར་ཞལ་འཛོམས་ནང་ལུ་བླ་སློབ་ཚུ་དང་ཅ་རྙིང་ཉམས་སྲུང་པ། དེ་ལས་ སྲུང་སྐྱོབ་བདག་སྐྱོང་པ་ཚུ་གིས་བཅའ་མར་གཏོགས་ཡོདཔ་ཨིན་པས།
༢༠༠༩ དབྱིན་ཟླ་༢ པ།
སློབ་དཔོན་པདྨ་ལ་མཆོག་དགོངས་པ་ཆོས་དབྱིངས་སུ་གཤེགས་པ།
སློབ་དཔོན་པདྨ་ལ
ང་བཅས་འབྲུག་རྒྱལ་ཡོངས་དཔེ་མཛོད་དང་ཡིག་རིགས་གཏན་འཇོག་ཁང་གི་མདོ་ཆེན་བགྲེསཔ་ དགུང་ལོ་ ༨༣ བཞེས་པ་ སློབ་དཔོན་ནམ་བླ་མ་པདྨ་མཆོག་ མདང་ཞག་སྤྱི་ཟླ་གཉིས་པའི་དབྱིན་ཚེས་ ༢༧ གྱི་ཕྱི་རུ་ ཆུ་ཚོད་ ༡༡ ལུ་ བུམ་ཐང་ཉི་མ་ལུང་གྲྭ་ཚང་ནངལུ་འབད་ ཐུགས་དམ་གྱི་ངང་ལུ་དགོངས་པ་ཆོས་ཀྱི་དབྱིངས་ལུ་ཐིམས་སོ་ནུ༎
བླ་མའི་འཁྲུངས་རབས་དང་མཛད་རྣམ་གྱི་སྐོར་ལས་གཟིགས་འདོད་ཡོད་པ་ཅིན་ འབྲེལ་ལམ་ སློབ་དཔོན་པདྨ་ལ་ འདི་ལས་བརྒྱུད་དེ་གཟིགས་ཚུགས་ཟེར་ཞུ་ནི་ཨིན༎