English

རྒྱལ་ཡོངས་དཔེ་མཛོད་ལས་ འཐོབ་ཚུགས་པའི་དཔེ་དེབ་ཀྱི་རིགས།

རྒྱལ་ཡོངས་དཔེ་མཛོད་ཀྱི་པར་བསྐྲུན།

gzungs 'bul mthong bas shes pa

གཟུངས་འབུལ་མཐོང་བས་ཤེས་པ།

མཁན་པོ་ཕུན་ཚོགས་བཀྲིས།

དཔེ་འདི་དེ་ནང་ལུ་ དུས་རྒྱུན་དུ་མཁོ་གལ་ཆེ་བའི་སྐུ་རྟེན་དང་ མཆོད་རྟེན་ལ་སོགས་པའི་གཟུངས་ཕུལ་ཐངས་འདྲ་མིན་སྣ་ཚོགས་ཚུ་ བསྡུ་བསྒྲིགས་འབད་དེ་ཡོདཔ་མ་ཚད་ གཟངས་བསྒྲིལ་ཐངས་དང་ ཕུལ་ཐངས་ལ་སོགས་པའི་བྱ་རིམ་ཚུ་ཡང་ ཞིབ་འཚོལ་མཐིལ་ཕྱིན་འབད་དེ་ཡོདཔ་ཨིན༎

པར་བསྐྲུན་ ༡༩༩༨

གོང་ཚད་ ༢༥༠/-

ཕ་ཇོ་འབྲུག་སྒོམ་ཞིག་པོའི་རྣམ་ཐར།

The Biography of Pha 'Brug-sgom Zhig-po called The Current of Compassion

མཁས་དབང་ ཡོན་ཏན་དར་རྒྱས་དང་ མཁས་དབང་པི་ཀེ་སོ་རེན་སན། (Dr. P.K. Sørenson)

ཆེད་བརྗོད་ བློན་པོ་ཕྲིན་ལས་རྒྱ་མཚོ།

ཕ་ཇོ་འབྲུག་སྒོམ་ཞིག་པོའི་ རྣམ་ཐར་དབྱིན་སྐད་ཀྱི་འཐོན་རིམ་ནང་ལུ་འགོ་དང་པ་སྟོནམ་ཨིན། དཔེ་དེབ་དེ་ནང་ལུ་ འགྲོ་བའི་མགོན་པོ་གཙང་པ་རྒྱ་རས་ཀྱི་ལུང་བསྟན་བཞིན་དུ་ དུས་རབས་ ༡༣ པའི་ནང་བྱོན་ཏེ་ ལྷོ་ལུང་པའི་གཡུས་འདི་ནང་ལུ་ འབྲུག་པ་བཀའ་བརྒྱུད་ཀྱི་བསྟན་པ་དར་བར་མཛད་པའི་ ཕ་ཇོ་འབྲུག་སྒོམ་ཞིག་པོ་མཆོག་ ལྗོངས་འདིར་ཕེབས་ཏེ་ རྒོལ་བ་ངན་པ་ཚར་གཅོད་ཞིནམ་ལས་ འབྲུག་པའི་བསྟན་པ་དར་ཏེ་ ཆོས་སྲིད་གཉིས་ཀྱི་གཞུང་སྲོལ་གཏོད་ཅིང་ དཔལ་འབྲུག་པ་རིན་པེ་ཆེ་ཟེར་བའི་ གཏམ་སྙན་གྲགས་ཕྱོགས་བཅུར་ཁྱབ་པའི་ལོ་རྒྱུས་དང་ བརྒྱུད་པར་འཛིན་པའི་སྲས་དང་སློབ་མ་ཚུ་གིས་ཡང་ ས་ཕྱོགས་ག་སྟེ་ལུ་ཡང་ཞབས་ཀྱིས་བཅགས་ཤིང་ གདན་ས་བཅགས་གནང་སྟེ་ དཔལ་ལྡན་འབྲུག་པའི་བསྟན་པ་རྩ་བརྟན་བཟོ་གནང་པའི་ལོ་རྒྱུས་ཚུ་ དཔེ་དེབ་འདི་ནང་ཁ་གསལ་འབད་བཀོད་དེ་ཡོདཔ་ཨིན༎

པར་བསྐྲུན་འབད་མི་ འབྲུག་རྒྱལ་ཡོངས་དཔེ་མཛོད། ༢༠༠༡

གོང་ཚད་ ༢༥༠/-

History of Drukpa Kagyud in Bhutan

འབྲུག་ལུ་ འབྲུག་པ་བཀའ་བརྒྱུད་ཀྱི་འབྱུང་རབས།

History of the Drukpa Kagyud School in Bhutan

མཁས་དབང་ ཡོན་ཏན་དར་རྒྱས།

དཔེ་དེབ་དེ་ནང་ལུ་ འབྲུག་རྒྱལ་ཁབ་འདི་ནང་ཐེག་པ་ཆེན་པོའི་ཆོས་ལུགས་ དུས་རབས་ ༡༢ – ༡༤ པའི་ནང་ལུ་དར་བའི་ འབྲུག་པ་བཀའ་བརྒྱུད་ཀྱི་སྲོལ་ཐོག་མར་གཏོད་ཚུལ་དང་ བོད་འབྲུག་གཉིས་ཀྱི་བར་ན་ ཆོས་ལུགས་ཀྱི་མཐུན་ལམ་ཡོད་ཚུལ་དང་ འབྲུག་པ་ཚུ་གིས་རང་གི་རྒྱལ་ཁབ་རང་བཙན་འབད་བཞག་ཐབས་ལུ་ སྲིད་དོན་གྱི་འཐབ་འཛིངས་ལངས་ཚུལ་ཚུ་ ཁ་གསལ་བཀོད་དེ་ཡོདཔ་ཨིན༎

པར་བསྐྲུན་ ༢༠༠༡

གོང་ཚད་ ༢༥༠/-

 

ཁྲིད་ཀྱི་སྔོན་འགྲོའི་ཆོག་ཁྲིད་ངག་འདོན་དུ་ བཀོད་པ་རྡོ་རྗེའི་གྲོང་དུ་འདྲེན་པའི་ཤིང་རྟ།

Prayer of Preliminary Practice: The Guide Towards Englightenment

རྗེ་མཁན་ཁྲི་རབས་ ༩ པ་ རྒྱལ་བ་ཤཱཀྱ་རིན་ཆེན།
དབྱིན་སྐད་ནང་ སྐད་སྒྱུར་འབད་མི་ མཁས་དབང་ ཡོན་ཏན་དར་རྒྱས་དང་ མཁས་དབང་ ཀརྨ་དབང་ཕྱུག

གོང་ཚད་ ༤༥/-

དཔེ་དེབ་འདི་ནང་ལུ་ འབྲུག་པ་བཀའ་བརྒྱུད་ཀྱི་ ཕྱག་རྒྱ་ཆེན་པོའི་སྔོན་འགྲོའི་ཁྲིད་ཀྱི་སྐོར་ཚུ་ ཆོས་སྐད་དང་དབྱིན་སྐད་ཟུང་འབྲེལ་འབད་བཀོད་དེ་ཡོདཔ་ཨིན༎

འབྲུག་ཆོས་སྲིད་ཀྱི་རབས།

ཞིང་ཤེགས་དྲག་ཤོས་ཕུན་ཚོགས་དབང་འདུས།

བུམ་ཐང་བླམ་པའི་དགོན་པ།

ISBN 99936-17-04-0

པར་བསྐྲུན་ ༢༠༠༧

གོང་ཚད་ Nu. /-

 

སྒྲིག་ལམ་རྣམ་གཞག་ལག་ལེན་འཐབ་ཐངས།

བསྡུ་སྒྲིག་འབད་མི་ གངས་དཀར་དབང་འདུས།

དབྱིན་སྐདདང་སྐད་སྒྱུར་འབད་མི་ ཌོག་ཀྲར་ ཡོན་ཏན་དར་རྒྱས།

པར་བསྐྲུན་ ༡༩༩༩
གོང་ཚད་ ༢༠༠/-

དཔེ་དེབ་འདི་ནང་ལུ་ སྒྲིག་ལམ་རྣམ་གཞག་ལག་ལེན་འཐབ་ཐངས་ རྫོང་ཁ་དང་དབྱིན་སྐད་ཤན་སྦྱར་ཡོདཔ་ཨིན༎

སྒྲིག་ལམ་རྣམ་གཞག་གི་དེབ་ཐེར་ནོར་བུའི་འཕྲེང་བ།

དྲགོས་གཟིམ་དཔོན་ རྡོ་རྗེ་རྒྱལ་མཚན།

པར་བསྐྲུན་ ༡༩༩༩

གོང་ཚད་ ༢༠༥/-


པར་བསྐྲུན་གཞན་ཡང་།

འབྲུག་གི་རྒྱལ་རབས། འབྲུག་གསལ་བའི་སྒྲོན་མེ།

སློབ་དཔོན་པདྨ་ཚེ་དབང་།

པར་བསྐྲུན་པ་ འཇམ་དབྱངས་ལྷུན་གྲུབ། པར་བསྐྲུན་ ཐེངས་དང་པ་ ༡༩༩༥ ཐེངས་གཉིས་པ་ ༢༠༠༥

གོང་ཚད་ ༥༠༠/-

འབྲུག་གི་གཏེར་སྟོན་པ་ པདྨ་གླིང་པ། གཏེར་མའི་སྲོལ་དང་སྐྱོན་བརྗོད་ཀྱི་དགག་ལན།

The Treasure Revealer of Bhutan: Pemalingpa, the Terma Tradition and its Critics

Biblotheca Himalayica Series III, volume 8

སློབ་དཔོན་པདྨ་ཚེ་དབང་། མཁན་པོ་ཕུན་ཚོགས་བཀྲིས། Chris Butters དང་ Sigmund K. Saetreng.

པར་བསྐྲུན་པ་ EMR དཔེ་སྐྲུན་ཁང་། འགྲེམ་སྒྲོམ་ཨང་ ༡༠༨༠ Kathmandu, Nepal.

གོང་ཚད་ ༢༡༢/-

Biography of Drukpa Kunleg (Dzongkha)

ཆོས་རྗེ་འབྲུག་པ་ཀུན་ལེགས་ཀྱི་རྣམ་ཐར་ མཐོང་ཐོས་འཛུམ་ཤོར་དད་པས་གྲོལ་བ།

རྫོང་ཁའི་ནང་སྐད་སྒྱུར་ ཨྱོན་བསྟན་འཛིན། (ཤཱསྟྲི)
ཆེད་བརྗོད་ དྲགོས་སངས་རྒྱས་རྡོ་རྗེ།

ཆོས་རྗེ་འབྲུག་པ་ཀུན་ལེགས་ཀྱི་རྣམ་ཐར་འདི་ རྫོང་ཁའི་ནང་ལུ་སྐད་སྒྱུར་འབད་དེ་ཡོདཔ་ཨིན།

Chagchen Gyalwa'i Gen Dzo

ཕྱག་ཆེན་རྒྱལ་བའི་གན་མཛོད།

མཛད་པ་པོ་ ཀུན་མཁྱེན་པདྨ་དཀར་པོ།

ཆེད་བརྗོད་ ཀརྨ་པ་ སྐུ་ཕྲེང་ ༡༧ པ་དང་ འཕྲང་མགོ་རིན་པོ་ཆེ།

པར་བསྐྲུན་པ་ བཛྲ་བིདྷྱ་བཙུག་སྡེ། ཝ་ར་ཎ་སི།

གོང་ཚད་ xxx