English

དཔེ་སྐྲུན་སྡེ་ཚན།

གལ་ཅན་གྱི་ ཆོས་དང་འབྲེལ་བའི་ལཱ་ སྔར་སྲོལ་འབྲུག་ཤོག་ནང་ཤིང་པར་ལས་དཔེ་སྐྲུན་ འབད་ནིའི་ཁྱུན་བཟང་པོ་འདི་ ད་ལྟོ་བར་ན་ཡང་རྒྱུན་སྐྱོང་འབད་དེ་ཡོད་རུང་ དུས་ཚོད་དང་བསྟུན་ཏེ་འབྲུག་ཤོག་ནང་ པར་བསྐྲུན་འབད་བའི་རིགས་དེ་གིས ད་རེས་ནངས་པར་ཚོང་འབྲེལ་གྱི་ནང་ལུ་ཆེནམོ་ཅིག་ མི་འཇུག་དོ་ཡོདཔ་ལས་བརྟེན་ པར་ཐེངས་ཚད་ཅིག་ལས་གལ་ཏེ་བཏབ་ནི་མེདཔ་ཨིན༎

པར་བསྐྲུན་འབད་བའི་བསྒང་།

དཔེ་མཛོད་ཁང་ནང་ ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་གསུང་འབུམ་ཚུ་ ལྕགས་པར་ནང་པར་བརྐོས་ཏེ་ཡོད་མི་འདི་ ད་ལྟོ་ལགཔ་གཡོག་བཀོལ་ཐོག་ལས་ པར་འཕྲུལ་འདི་གིས་ པར་བསྐྲུན་འབད་བའི་བསྒང་ཡོདཔ་མ་ཚད་ མ་ཎི་འཁོར་ལོ་དང་མཆོད་རྟེན། སྐུའི་གཟུངས་བཏབ་ནི་ཚུ་ ག་ར་དཔེ་བསྐྲུན་སྡེ་ཚན་གྱི་ལཱ་འགན་ཨིན༎

གནམ་ལོ་ ༡༩༩༣ ལོ་ལུ་ རྒྱལ་ཡོངས་དཔེ་མཛོད་ཀྱིས་ སྤུངས་ཐང་རྫོང་གི་ཉམས་གསོ་ལས་འགུལ་གྱི་ནང་ལུ་ ཐོ་ཚད་ཕིཊ་ ༢༨/༣༠ སྦེ་མི་སྐུ་གསུམ་གྱི་ ནང་གཟུངས་སྔགས་བཀྲམ་སྤེལ་འབད་ནིའི་ རིན་སྡུར་གསལ་བསྒྲགས་འབད་དེ་ཡོད་མི་འདི་ ང་བཅས་རྒྱལ་ཡོངས་དཔེ་མཛོད་ཀྱིས་ཐོབ་སྟེ་ ཧ་ལམ་སྐུ་རེ་རེ་ལུ་གཟུངས་པར་ ༣༠༠,༠༠༠ དགོཔ་ཡོད་མི་ལས་ གཟུངས་སྔགས་ཤོག་གྲངས་ ༢༠༠,༠༠༠༠ རེ་གི་རྩིས་ བཀྲམ་སྤེལ་འབད་ཡོདཔ་མ་ཚད་ སྤ་རོ་སྟག་ཚང་ ཉམས་གསོའི་སྐུ་གསརཔ་གི་དོན་ལུ་ཡང་ རྒྱལ་ཡོངས་དཔེ་མཛོད་ཀྱིས་ གཟུངས་སྔགས་ཤོག་གྲངས་ ༡༠༠,༠༠༠༠ དེམ་ཅིག་ཞལ་འདེབས་སུ་ཕུལ་ཡོདཔ་ཨིན༎

ཤིང་པར་ལས་དཔེ་ཆ་ སྤར་བསྐྲུན་གྱི་བྱ་རིམ།

ཤིང་པར་ལས་དཔེ་ཆ་ སྤར་བསྐྲུན་འབད་ནི་འདི་དུས་རབས་ ༧ པའི་ནང་ རྒྱ་ནག་ལུ་ ནང་པའི་རིག་གཞུང་ཚུ་དར་ཁྱབསྤེལ་ནིའི་དོན་ལུ་ གསར་གཏོད་འབད་འབདཝ་ཨིན་མས། དེ་ཡང་ རྒྱ་ནག་གིས་བཤད་སྲོལ་ལྟར་ཡོད་པའི་ རིན་པོ་ཆེའི་མདོ་ མི་ལོ་ ༨༦༨ སོང་བའིའཛམ་གླིང་ནང་ལུ་ པར་མའི་ཕྱག་དཔེ་རྙིང་ཤོས་ ད་ལྟོ་ British གྱི་དཔེ་མཛོད་ཁང་ནང་ཡོདཔ་ལས་ འདི་ལེགས་སྤྲོས་ཅན་གྱི་ཕྱག་དཔེ་གཅིག་སྦེ་ ཆ་བཞགཔ་ཨིན་པས། དེ་ལས་རིམ་པ་བཞིན་དུ་ Korea དང་བོད། དེ་ལས་ འབྲུག་རྒྱལ་ཁབ་ནང་ རྣམ་དཀར་དགེ་བ་གསོག་ནིའི་དོན་ལུ་ དམ་པའི་ཆོས་ཀྱི་སྦྱིན་པ་ལས་ ཁྱད་དུ་འཕགས་པ་གཞན་མེདཔ་ལས་བརྟེན་ ཤིང་པར་ལས་དཔེ་ཆ་སྤར་བསྐྲུན་གྱི་བྱ་རིམ་འདི་ དང་ལེན་འབད་ནུག།

འབྲུག་ལུ་འབད་བ་ཅིན་ ཤིང་པར་སྤར་བསྐྲུན་འབད་སའི་ས་གནསརྙིང་ཤོས་ཅིག་ བུམ་ཐང་ལུ་ཨིནམ་ལས་ ད་ལྟེ་བར་ནང་ཡང་བུམ་ཐང་ཀུན་བཟང་བྲག;གི་སྒོམ་སྡེ་ནང་ལུ་ གཏེར་སྟོན་པདྨ་གླིང་པ་གིས་བརྐོས་གནང་བའི་ ཤིང་པར་ཚུ་བཞུགས་ཡོདཔ་མ་ཚད་ སྤུང་ཐང་རྫོང་ནང་ལུ་ཡང་ ཤིང་པར་སྤར་བསྐྲུན་གྱི་ལཱ་འབད་ནི་གཞི་བཙུགས་གནང་སྟེ་ Himalayan གྱི་ལུང་ཕྱོགས་འདི་ནང་ གཏམ་སྙན་གྲགས་ཁྱབ་སྟེ་ཡོད་རུང་ ཁ་རྗེ་བསོད་ནམས་ཆུང་སོངམ་ལས་ དང་ཕུགས་ཀྱི་ཤིང་པར་མང་ཤོས་ཅིག་ མེ་མཆོད་བཞེས་ནུག།

གལ་གནད་ཅན་གྱི་ གསུང་རབ་ཚུ སྤར་བསྐྲུན་འབད་ནིའི་དོན་ལུ་ ད་ལྟོ་བར་ན་ཡང་ འབྲུག་མི་ཚུ་གིས་ཤིང་པར་ལས་དཔེ་ཆ་སྤར་བསྐྲུན་གྱི་བྱ་རིམ་འདི་ འདི་ལག་ལེན་འཐབ་དག་འཐབ་བཞིན་དུ་ཡོདཔ་ཨིན༎