English

རྒྱལ་ཡོངས་དཔེ་མཛོད་ཀྱི་པར་བསྐྲུན་འབད་ཡོད་པའི་དཔེ་དེབ།

 

 

Pecha


སྡེ་ཚན་འདི་ནང་ལུ་ རྒྱལ་ཡོས་དཔེ་མཛོད་ཀྱིས་པར་བསྐྲུན་འབད་ཡོད་པའི་དཔ་དེབ་ཚུ་གིས་མ་ཚད་དཔར་ འབྲུག་རྒྱལ་ཁབ་ཀྱི་ནང་འཁོད་ནང་ལུ་དཔར་བསྐྲུན་འབད་ཡོད་པའི་དཔེ་དེབ་ཆ་མཉམ་ རྒྱལ་ཡོངས་དཔེ་མཛོད་ཀྱི་ཚོང་ཁང་ལས་ འཐོབ་ཚུགས།

 

འབྲུག་རྒྱལ་ཡོངས་དཔེ་མཛོད་ནང་ལུ་ འབྲུག་པ་བཀའ་བརྒྱུད་དང་ རྙིང་མའི་དཔེ་ཆ་ཚུ་རང་ལུགས་དཔེ་ཆའི་བཟོ་བཀོད་ལྟར་དུ་ ཤིང་པར་ཐོག་ དཔེ་སྐྲུན་ འབད་ནི་ཨིནམ་མ་ཚད་ འབུར་སྐུ་དང་མཆོད་རྟེན་གྱི་གཟུངས་ལ་སོགས་པ་ པར་བསྐྲུན་ གྱི་དོན་ལུ་ཤིང་པར་དང་ ལྕགས་པར་ཐོག་ལུ་བཏབ་ནི་ཡོདཔ་ཨིན༎

དེ་ཚུ་འཕྲལ་འཕྲལ་རང་ རང་ལུགས་འབྲུག་ཤོག་ཐོག་པར་བཏབ་དང་བཏབ་བཞིན་དུ་ཡོདཔ་མ་ཚད་ རྒྱལ་ཡོངས་དཔེ་མཛོད་ཀྱི་དཔེ་དེབ་ཚོང་ཁང་ ནང་ལས་ཡང་འཐོབ་ཚུགསཔ་ཨིན༎

 

རྒྱལ་ཡོངས་དཔེ་མཛོད་ཀྱི་པར་བསྐྲུན་སྐོར་ལས་ དོགས་བསལ་གྱི་དྲི་བ་བཀོད་ནིའི་ཐུགས་འདོད་ཡོད་པ་ཅིན་ གཡང་ཟ་སྦ་གསང་མེད་པར་གཤམ་འཁོད་ཀྱི་ འབྲེལ་བ་འཐབ་ས་ ཟེར་མི་ལས་བརྒྱུད་དེ་བཀོད་གནང་